ཨ་རིའི་ནང་གནས་སྡོད་བོད་མི་ཚོས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་་ཨ་སྒོར་ས་ཡ་གཅིག་གི་མ་རྩ་འཛུགས་འཇོག་བྱས་ཡོད་འདུག


2019.07.31
ཨ་རིའི་ནང་གནས་སྡོད་བོད་མི་ཚོས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་་ཨ་སྒོར་ས་ཡ་གཅིག་གི་མ་རྩ་འཛུགས་འཇོག་བྱས་ཡོད་འདུག ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་མི་ཚོང་ལས་ཆེ་ཆུང་ཁག་ལ་དཔལ་འབྱོར་རོགས་རམ་གྱི་མཐུན་རྐྱེན་བསྐྲུན་རྒྱུའི་ཆེད་མ་རྩ་འཛུགས་འཇོག་གི་ལས་འགུལ།
ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ།

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཁྱབ་འཆར་འགོད་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་བདུན་ཕྲག་ལྔའི་རིང་ཨ་རི་དང་། ཁ་ན་ཊ་ཁུལ་གྱི་ས་གནས་མང་པོ་ཞིག་ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་མི་ཚོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དུ་མ་རྩ་འཛུགས་དགོས་པའི་སྐོར་དྲིལ་བསྒྲགས་ལས་དོན་སྤེལ་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པ་ལྟར་ན་། བྱང་ཨ་རིའི་ཁུལ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དུ་མ་རྩ་འཛུགས་མཁན་མི་གྲངས་༥༥ཡིས་ཨ་སྒོར་ས་ཡ་གཅིག་གི་མ་རྩ་འཛུགས་འཇོག་བྱས་ཡོད་པ་དང་། བོད་མའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ཞལ་འདེབས་ཕུལ་མཁན་ཡང་བྱུང་ཡོད་འདུག གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ངོས་ནས་བྱང་ཨ་རིའི་ཁུལ་ནས་ཨ་སྒོར་ས་ཡ་གཅིག་དང་ཁྲི་ལྔ་ཡི་མ་རྩ་མཁོ་སྒྲུབ་གནང་ཐུབ་པའི་རེ་བ་གནང་གི་ཡོད་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནི། དངུལ་ཁང་མིན་པའི་དཔལ་འབྱོར་སྡེ་ཚན་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༧ ནས་བཟུང་ད་བར་ཁྱོན་བསྡོམས་ཨ་སྒོར་ས་ཡ་ ༤ དང འབུམ་ ༣ བུ་ལོན་གཡར་གནང་ཡོད་པ་དང་།  གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མ་འོངས་བར་དངུལ་ཁང་ཆུང་གྲས་ཞིག་ལ་དེབ་སྐྱེལ་བྱས་ནས་དངུལ་ཁང་གཞན་ནང་བཞིན་ལས་དོན་བྱེད་རྒྱུ་དེ་ཡིན་པ་རེད་།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དགོས་དམིགས་གཙོ་བོ་ནི། བོད་མི་ཚོང་ལས་ཆེ་ཆུང་ཁག་ལ་དཔལ་འབྱོར་རོགས་རམ་གྱི་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎