བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་ཡོངས་སུ་སྐོར་བསྐྱོད།

2014-12-15
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་རཱ་ཇི་སི་ཐན་ལ་གཞོན་ནུའི་སྐོར་བསྐྱོད་གཏམ་བཤད་གནང་བཞིན་པ། ༢༠༡༤།༡༢།༡༣
རྒྱ་གར་རཱ་ཇི་སི་ཐན་ལ་གཞོན་ནུའི་སྐོར་བསྐྱོད་གཏམ་བཤད་གནང་བཞིན་པ། ༢༠༡༤།༡༢།༡༣
མཐུན་འགྱུར་པར་རིས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཐོག་གཏམ་བཤད་གནང་ཕྱིར་སྐོར་བསྐྱོད་གནང་བཞིན་འདུག  
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་པའི་དགུན་ཚོང་ཁྲོམ་ར་ཁག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་དོན་འཐབ་རྩོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུའི་ཆེད་དུ་འདི་ལོའི་ཕྱི་ཟླ་༡༢་པའི་ནང་ནས་ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་གཉིས་པའི་བར་སྐོར་བསྐྱོད་གནང་བཞིན་པ་དང་། དབུས་རྒྱུན་རྣམས་ས་གནས་ཁག་ལ་ཆ་བགོས་གནང་སྟེ་སྐོར་བསྐྱོད་གནང་པ་ཡིན་འདུག དེ་ཡང་གཞོན་ལྷན་གྱི་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་དང་དཔལ་འབྱོར་དྲུང་ཆེ་བསྟན་འཛིན་དབང་ཕྱུག་ལགས་གཉིས་རྒྱ་གར་དབུས་དང་ལྷོ་ཕྱོགས་ཁུལ་དང་། གཞོན་ལྷན་གྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་། རྒྱལ་སྤྱིའི་འབྲེལ་མཐུད་དང་གསར་འགོད་འབྲེལ་མཐུད་པ་ཚེ་དབང་སྒྲོལ་མ་ལགས་རྣམ་གཉིས་རྒྱ་གར་ཤར་དང་ནུབ་ཕྱོགས་ཁུལ། དེ་བཞིན་དབུས་རྒྱུན་ངག་དབང་བློ་བཟང་ལགས་དང་ཉི་མ་ཆོས་འཛོམས་རྣམ་གཉིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་སྐོར་བསྐྱོད་གནང་བཞིན་པ་ཡིན་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཉེ་དུས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་དབྱིན་ཡུལ་དང་། སུས་ཛར་ལན་ཊི། ཕ་རན་སི། བྷེལ་ཇམ། སེ་པེན་བཅས་རྒྱལ་ཁབ་ཆེ་ཁག་ནང་ཆེད་ཕེབས་གནང་སྟེ་བོད་དོན་འཐབ་རྩོད་སྐོར་ས་གནས་བོད་མི་རྣམས་གཙོས་པའི་འབྲེལ་ཡོད་ཁག་ལ་གསུང་བཤད་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་གཙོས་པའི་ཆེས་མཐོའི་མི་སྣ་ཁག་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།