རྒྱ་གར་གྱི་རྡུལ་ཕྲན་ནུས་པའི་ཚོང་འབྲེལ་ལ་རྒྱབ་སྐྱོར།

རྒྱལ་སྤྱིའི་ཐོག་རྡུལ་ཕྲན་འཕྲུལ་རིག་དང་ནུས་ཤུགས་ཚོང་འབྲེལ་གྱི་སྒྲིག་གཞི་ནས་རྒྱ་གར་ལ་མུ་མཐུད་ཆག་ཡང་ཐོབ་ཆེད་ཨ་རིས་རྒྱབ་སྐྱོར།

2011.06.30

༄༅༎རྒྱལ་སྤྱིའི་ཐོག་རྡུལ་ཕྲན་འཕྲུལ་རིག་དང་ནུས་ཤུགས་ཚོང་འབྲེལ་གྱི་སྒྲིག་གཞི་ནས་རྒྱ་གར་ལ་མུ་མཐུད་ཆག་ཡང་ཐོབ་ཆེད་རྒྱ་གར་གཞུང་གི་རྒྱལ་སྤྱིའི་ཡུལ་ཁག་གི་རྒྱབ་སྐྱོར་བསྐྲུན་ཐབས་ཀྱི་ལས་དོན་ལ་ཨ་རི་གཞུང་གིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་མཆོག་གིས་ནན་བརྗོད་གནང་བཞག་༎

བདུན་ཕྲག་སྔོན་མ་Nuclear Suppliers Groupའམ་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་བྱ་མཁན་རྒྱལ་ཁབ་ཁག་ལས་གྲུབ་པའི་སྒྲིག་འཛུགས་ཀྱིས་རྡུལ་ཕྲན་གྱི་རྒྱུ་ཆ་ཡུ་རེ་ནིཡེམ་(Uranium)རྗས་འགྱུར་དང་རྫས་གཙང་བཟོའི་འཕྲུལ་རིག་ལག་རྩལ་ཚོང་འགྲེམས་བྱ་ཕྱོགས་ཐད་ལམ་སྟོན་གྱི་སྒྲིག་གཞི་དམ་དུ་བཏང་ཡོད་པ་རེད་ རྒྱ་གར་གཞུང་གིས་རྒྱལ་ཁབ་ནང་ནུས་ཤུགས་འདང་ངེས་མཁོ་སྒྲུབ་ཆེད་ཞི་བའི་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་གྱི་ལས་འཆར་རྒྱ་ཆེ་འགོ་བཙུགས་བྱས་ཡོད་པ་མ་ཟད་༢༠༠༨ལོར་གོང་གསལ་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་སྒྲིག་འཛུགས་ཀྱིས་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་་བཀག་སྡོམ་གྱི་རྒྱལ་སྤྱིའི་ཆིངས་ཡིག་ལ་ས་རྟགས་བཀོད་དགོས་པའི་ཆ་རྐྱེན་དང་དེ་བཞིན་རྡུལ་ཕྲན་གྱི་བཟོ་གྲ་ཁག་ལ་ལྟ་ཞིབ་ཀྱི་ཆ་རྐྱེན་བཅས་ནས་རྒྱ་གར་ལ་དམིགས་བསལ་ཆག་ཡང་བཏང་ཡོད་པ་རེད་ འོན་ཀྱང་ད་ཆ་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་སྒྲིག་འཛུགས་ཀྱི་ལམ་སྟོན་གསར་པ་དེའི་བརྒྱུད་རྒྱ་གར་གྱི་ཕྱི་ཕྱོགས་ནས་རྡུལ་ཕྲན་གྱི་འཕྲུལ་རིག་མཁོ་སྒྲུབ་བྱ་རྒྱུར་འགོག་རྐྱེན་འཕྲད་སྲིད་པར་རྒྱ་གར་གཞུང་ལ་བློ་འཚབ་ཡོད་པར་བརྟེན་ཆ་རྐྱེན་གསར་པ་དེ་དག་ལས་མུ་མཐུད་ཆག་ཡང་འཐོབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་འདུག རེས་གཟའ་ལྷག་པའི་ཉིན་ར་ཤི་ཡ་དང་ཕེརན་སི་གཉིས་ནས་རྡུལ་ཕྲན་གྱི་སྒྲིག་གཞི་གསར་པ་ཡོད་མིན་ལ་མ་ལྟོས་པར་རྒྱ་གར་དང་རྡུལ་ཕྲན་ཚོང་འབྲེལ་མུ་མཐུད་བྱ་རྒྱུ་ཡིན་སྐོར་གསལ་འདོན་གནང་ཡོད་པ་དང་ དེ་རིང་ཨ་རི་གཞུང་གིས་ཀྱང་དེ་དང་གཅིག་མཚུངས་རྒྱབ་སྐྱོར་ནན་བརྗོད་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎