གླིང་རིན་པོ་ཆེ་མཆོག་གིས་ཨོ་སེ་ཁྲོལ་ལེ་ཡར་མཛད་འཕྲིན་བསྐྱངས་བ།


2016-05-03
Share
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨོ་སེ་ཁྲོལ་ལེ་ཡའི་ནང་མཛད་འཕྲིན་བསྐྱངས་གནང་སྐབས། ༢༠༡༦།༤།༢༩ གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨོ་སེ་ཁྲོལ་ལེ་ཡའི་ནང་མཛད་འཕྲིན་བསྐྱངས་གནང་སྐབས། ༢༠༡༦།༤།༢༩
ར་ལོ་དོན་ལྡན།/RFA

དེང་སང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སེ་ཁྲོལ་ལེ་ཡའི་ནང་ཕེབས་བཞུགས་གནང་བཞིན་ཡོད་པ་དང་། དེ་གར་སྤྱི་ཟླ་༤་ཚེས་༡༨་ནས་སྤྱི་ཟླ་༥་ཚེས་༡་བར་ཨོ་སེ་ཁྲོལ་ལེ་ཡའི་གྲོང་ཁྱེར་Brisbane་ནང་བོད་ཀྱི་རིག་གཞུང་འདྲ་མིན་ངོ་སྤྲོད་གནང་བའི་དུས་སྟོན་ཞིག་འཚོགས་གནང་ཡོད་པ་དེའི་སར་ཕེབས་བཞུགས་གནང་ཡོད་པ་རེད།
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨོ་སེ་ཁྲོལ་ལེ་ཡའི་གྲོང་ཁྱེར་བྷི་རི་སེ་བྷན་དང་། སིདྲ་ནི་སོགས་ཀྱི་ནང་ཆོས་འབྲེལ་དང་བོད་མི་ཚོར་བཀའ་སློབ་གནང་ཡོད་པ་རེད། ད་དུང་༧གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དེ་ཁུལ་གྱི་དད་ལྡན་མི་མང་ཚོར་སྐྱེ་བ་ཕྱི་མའི་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་ཤེས་རབ་སྙིང་པོ་དང་། བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དང་ལས་དང་རྒྱུ་འབྲས་ཀྱི་སྐོར་ལའང་གསུང་ཆོས་གནང་ཡོད་པ་རེད།
ཨོ་སི་ཁྲོལ་ལེ་ཡའི་ཁུལ་གྱི་སྤྱན་རས་གཟིགས་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་གསུང་ཆོས་སོགས་གནང་ཡོད་པ་རེད།
ཨོ་སེ་ཁྲོལ་ལེ་ཡའི་བོད་རིགས་མཐུན་ཚོགས་ཀྱིས་བོད་ཀྱི་སྣོད་བཅུད་དང་། གནམ་གཤིས་སོགས་ཁོར་ཡུག་འབྱུང་ཁམས་སྲུང་སྐྱོབ་ཀྱི་སྐོར་ལ་བགྲོ་གླེང་ལྷན་འཚོགས་ཤིག་ཀྱང་བསྐོང་ཚོགས་གནང་ཡོད་པ་དང་། དེའི་སར་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཀྱང་བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་མྱོང་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།
༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སེ་ཀྲེ་ལི་ཡའི་ནང་ཆོས་འབྲེལ་གྱི་མཛད་འཕྲིན་སྐྱོང་གནང་བ་ད་རེས་ཐོག་མ་ཡིན་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།