༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་ཨ་རིའི་ནང་ཀྱི་མཛད་འཕྲིན།


2016-04-27
Share
འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་༼ཀམ་པོ་ཌེའི༽དགེ་སློང་དབུ་འཁྲིད་ཆེ་ཤོས་ཞིག་དང་ལྷན་དུ་མཇལ་འཕྲད་སྐབས། འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་༼ཀམ་པོ་ཌེའི༽དགེ་སློང་དབུ་འཁྲིད་ཆེ་ཤོས་ཞིག་དང་ལྷན་དུ་མཇལ་འཕྲད་སྐབས།
བློ་བཟང་ཆོས་འཕེལ།

༄༅། ། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྙིང་བསྡུས་དང་། གང་ཉིད་ནས་ཨ་རིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་དང་སྐྱོང་བཞིན་པའི་སྐོར་དང་དེ་ནས་སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཞིག་དང་ཁོང་དགུང་ལོ་༨༠་ལ་ཕེབས་པའི་བརྟན་བཞུགས་ཆེན་མོ་སོགས་ཀྱི་མཛད་རིམ་སྐོར་བཀའ་རྒྱུད་མཐོ་སློབ་གྱི་འགན་འཛིན་ཟུར་པ་མཁན་པོ་དཀོན་མཆོག་རང་གྲོལ་མཆོག་དང་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་ཀྱི་མཁན་པོ་བསམ་འགྲུབ་མཆོག་རྣམ་གཉིས་ལ་གོང་ཞུས་་གནས་ཚུལ་དང་འབྲེལ་བའི་སྐོར་ལ་བཅའ་འདྲི་ཞུས་ནས་རྣམ་པ་ཚོར་ཞུ་གི་ཡིན། གསར་འགོད་པ་བློ་བཟང་ཆོས་འཕེལ།

གསར་འགོད་པ་བློ་བཟང་ཆོས་འཕེལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎