འཛམ་གླིང་གི་ཚོགས་འདུ་ཆེ་ཁག་ནང་མཉམ་ཞུགས་བྱ་རྒྱུའི་གལ་གནད།


2020-11-21
Share
འཛམ་གླིང་གི་ཚོགས་འདུ་ཆེ་ཁག་ནང་མཉམ་ཞུགས་བྱ་རྒྱུའི་གལ་གནད། ༢༠༢༡ ཟླ་ ༣ པའི་ནང་ཨེ་ཤེ་ཡའི་རིག་པ་བའི་ལོ་འཁོར་ཚོགས་འདུ་སྐོང་ཚོགས་གནང་གི་ཡོད།
གོ་སྒྲིག་ཚོགས་ཆུང་གི་དྲ་ཚིགས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ༢༠༢༡ ཟླ་ ༣ པའི་ནང་ཨེ་ཤེ་ཡའི་རིག་པ་བའི་ལོ་འཁོར་ཚོགས་འདུ་སྐོང་ཚོགས་གནང་གི་ཡོད་ཅིང་།  གོ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་འདི་ནི་ཨེ་ཤེ་ཡའི་རིག་པ་བའི་ཚོགས་འདུ་ཆེ་གྲས་གཅིག་ཏུ་ངོས་འཛིན་ཞུ་གི་ཡོད་པ་རེད།  དུས་སྐབས་འདི་དང་བསྟུན་བོད་རིག་པའི་ཞིབ་འཇུག་པ་དང་སློབ་གཉེར་བ།  ཉམས་ཞིབ་པ་བཅས་ཀྱིས་འཛམ་གླིང་གི་ཚོགས་འདུ་ཆེ་ཁག་འདི་དག་ནང་མཉམ་ཞུགས་གནང་རྒྱུའི་ལམ་ལུགས་དང་གལ་གནད།  དེ་བཞིན་བོད་རིག་པ་བའི་ཚོགས་ཆེན་རིམ་པར་ཚོགས་པའི་སྐོར།  བོད་མི་གཞིས་བྱེས་གཉིས་སུ་ཉམས་ཞིབ་མཁས་པ་འཕེལ་རྒྱས་གཏོང་ཐབས་བཅས་ཀྱི་སྐོར་ཨིན་ཡུལ་ཨོཀསྀ་ཕོརྜ་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་སློབ་གཉེར་བ་སྒྲ་རིགས་ཀུན་བཟང་ཐོགས་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།