བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ཏོག་དབྱིབས་ནད་འགོག་ཁབ་བརྒྱབ་ཡོད་པ།

2021.04.28
བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ཏོག་དབྱིབས་ནད་འགོག་ཁབ་བརྒྱབ་ཡོད་པ། བལ་ཡུལ་དུ་ཏོག་དབྱིབས་ནད་ཡམས་ཀྱི་ཕྱོགས་ཡོང་གི་གནས་སྟངས་དང་ལྷག་པར་དུ་བོད་མི་གནས་སྡོད་ཁག་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་གོ་རྟོགས།
ཨེ་པི།

བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ལོ་ན་༦༥བརྒལ་བ་མང་ཆེ་བའི་རྒྱ་གར་ནས་བཟོས་པའི་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་བརྒྱབ་ཟིན་ཡོད་འདུག།ཡང་རྒྱ་ནག་ནས་བཟོས་པས་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་བལ་ཡུལ་དུ་སླེབས་ཡོད་ཀྱང་དེ་ལ་བོད་པ་ཚོས་དེ་ཙམ་འདོད་མོས་མེད་པ་དང་དོགས་ཟོན་བྱེད་ཀྱི་ཡོད་འདུག།ད་ཆ་བལ་ཡུལ་དུ་སྤྱིར་སྟངས་བོད་མི་སྐྱབས་བཅོལ་བའི་གནས་སྡོད་ཁག་ཏུ་ད་ལྟའི་སྐབས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་དེ་ཙམ་ཆེན་པོ་ཕྲད་ཀྱི་མེད་ན་ཡང་།རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་བབས་ཧ་ཅང་ཛ་དྲག་རང་བཞིན་ཆགས་ཡོད་པ་དང་འབྲེལ་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཁག་གསུམ་ནང་རིམ་བཞིན་ནད་ཡམས་འགོས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་བརྟེན་བལ་ཡུལ་གཞུང་གིས་ཕྱི་ཚེས་༢༩གཟའ་ཕུར་ཉིན་ཉིན་གྲངས་༡༥རིང་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་པ་རེད།དེ་རིང་གི་ཁ་བའི་གྲོས་རྭ་ལེ་ཚན་ནང་བལ་ཡུལ་དུ་ཏོག་དབྱིབས་ནད་ཡམས་ཀྱི་ཕྱོགས་ཡོང་གི་གནས་སྟངས་དང་ལྷག་པར་དུ་བོད་མི་གནས་སྡོད་ཁག་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་གོ་རྟོགས་ཇི་ཙམ་ཡོད་མེད་དང་བོད་པ་མི་རེ་ངོ་རེས་ནད་ཡམས་ཀྱི་གོད་ཆགས་ཆེན་པོ་ཞིག་མ་ཡོང་ཆེད་འགན་འཁུར་དང་ཐུགས་གནང་དགོས་པ་སོགས་ཀྱི་སྐོར་བལ་ཡུལ་ནང་ཡུན་རིང་གནས་སྡོད་མཁན་བལ་ཡུལ་བོད་མིའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་བཀྲ་ཤིས་ལགས་དང་གླེང་མོལ་བྱ་པ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
སྤྱི་ཚོགས།
བཙན་བྱོལ་བོད་མི་ཚོའི་བདེ་ཐང་དང་འཕྲོད་བསྟེན་སླད་དྲྭ་ཐོག་ཚོགས་འདུ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎