འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོ།


2020-08-01
Share
འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོ། འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོའི་དྲིལ་བསྒྲགས་ཡིག་ཆ་དང་ང་ཚོའི་ལས་རིམ་ནང་མཉམ་བཞུགས་གནང་མཁན་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས།
སར་མོ་ཞེས་པའི་དྲ་ཚིགས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ༢༠༢༠ ཟླ་ ༧ ཚེས་ ༢༨ ཉིན་ཏེ་འཛམ་གླིང་མཆིན་པའི་གཉན་ཚད་དམ་ Hepatitis B ཉིན་མོ་འཁེལ་གྱི་ཡོད་ཅིང་།  འཛམ་གླིང་ཀུན་ལ་ཉིན་མོ་འདིར་ནད་གཞི་དང་འབྲེལ་བའི་གོ་རྟོགས་རྒྱ་ཆེ་སྤེལ་གྱི་ཡོད་པ་རེད།  བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་གཞིར་བཟུང་བྱས་ན། Hepatitis B མཆིན་པའི་གཉན་ཚད་ཀྱི་ན་ཚ་ནི་བཙན་བྱོལ་བོད་མིའི་ཁྲོད་ནད་གཞི་ཡོད་པའི་ཁོངས་ནས་གྲངས་ཀ་མང་ཤོས་ཤིག་ཆགས་ཡོད་ཅིང་།  མཆིན་པའི་གཉན་ཚད་ཀྱི་ན་ཚ་འདིར་སྨན་བཅོས་འཕྲོད་བསྟེན་ཚུལ་བཞིན་བྱེད་མ་ཐུབ་ཚེ་མཆིན་པའི་འབྲས་ནད་དུ་འགྱུར་ཉེན་ཆེན་པོ་ཡོད་པ་རེད།  གཤམ་ལ་རྡ་རམ་ས་ལ་ནས་བོད་ཀྱི་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ནད་གཞི་འདིའི་སྐོར་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎