རྒྱ་གར་གློག་བརྙན་ནང་བོད་པ་འཁྲབ་སྟོན་བྱེད་མཁན་ཇེ་མང་།

2021-09-14
Share
རྒྱ་གར་གློག་བརྙན་ནང་བོད་པ་འཁྲབ་སྟོན་བྱེད་མཁན་ཇེ་མང་། ཡང་བསྐྱར་སྒྲོན་མ་ལགས་དང་།སྐལ་བཟང་སྒྲོལ་མ་ལགས།
བསྟན་འཛིན་དོན་ཡོད།/RFA

བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་སོགས་ལ་བརྟེན་ནས་རྒྱ་གར་Bollywood གློག་བརྙན་བཟོ་བསྐྲུན་ཁེ་གཉེར་ཁང་གིས་ནང་འཁྲབ་སྟོན་བྱེད་རྒྱུའི་གོ་སྐབས་ཐོབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁྲོད་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་སྐལ་བཟང་སྒྲོལ་མ་ལགས་དང་དཔེ་སྟོན་སློབ་གྲྭའི་སློབ་མ་ཡང་བསྐྱར་སྒྲོལ་མ་ལགས་རྣམ་གཉིས་ཉེ་ལམ་གསར་དུ་ཐོན་པའི་གདོན་འདྲེའི་ཉེན་རྟོག་པ་Bhoot Police ཞེས་པའི་རྒྱ་གར་Bollywood གློག་བརྙན་ནང་འཁྲབ་སྟོན་བྱེད་རྒྱུའི་གོ་སྐབས་ཐོབ་འདུག་ཅིང་། འཁྲབ་སྟོན་པ་སྐལ་བཟང་སྒྲོལ་ལགས་ཀྱིས་ཁོང་མོ་བོད་རིགས་ཤིག་ཡིན་པའི་ཆ་ནས་འདི་ལྟ་བུའི་གློག་བརྙན་བཟོ་སྐྲུན་ཁང་ཞིག་ནང་འཁྲབ་སྟོན་གྱི་ལེ་ཚན་ཞིག་རག་པར་བོད་པ་ཡིན་པས་སྤོབས་པ་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་བ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།