གྲོས་མཐུན་དོན་ཚན ༡༧ ཟེར་བར་ཕམ་ཁ་བྱུང་དོན་གླེང་བ།

2021-05-28
Share
གྲོས་མཐུན་དོན་ཚན ༡༧ ཟེར་བར་ཕམ་ཁ་བྱུང་དོན་གླེང་བ། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་མོ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་མའོ་ཙེ་ཏུང་གིས་དབང་འཛིན་བྱས་པའི་དམར་ཤོག་གི་གཞུང་འཛིན་གྱིས་བོད་ས་གང་ཙམ་བཙན་བཟུང་བྱས་རྗེས་བཙན་ཤེད་སྒོ་ནས་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་ཆིངས་ཡིག་ལ་བོད་གཞུང་གི་སྐུ་ཚབ་ནས་ས་རྟགས་བཀོད་བཅུག་པ།
པར་ཚགས།

༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབས་པའི་གླེང་བྱ་ནི། གྲོས་མཐུན་དོན་ཚན ༡༧ ཟེར་བ་དེ་བཙན་དབང་འོག་བཞག་ནས་མི་ལོ ༧༠ འཁོར་བའི་སྐབས་འདིར།  གཙོ་བོར་གྲོས་མཐུན་དོན་ཚན ༡༧ ཟེར་བར་ཕམ་ཁ་བྱུང་དོན་གླེང་རྒྱུ་ཡིན། ཆབས་ཅིག་ཏུ་གྲོས་མཐུན་དོན་ཚན ༡༧ ཅན་འཇོག་དགོས་དོན་དང་། སྐབས་དེའི་བོད་དང་རྒྱ་ནག་གི་སྤྱི་ཚོགས་གནས་བབ། གྲོས་མཐུན་ཡིག་ཆ་དེའི་ཁྱབ་ཁོངས། དེ་མིན་གྲོས་མཐུན་དོན་ཚན ༡༧ ཟེར་བ་དེ་བཞག་པའི་རྗེས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ཐད་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་ཡོད་མེད་ལ་སོགས་པའི་ཐད། བོད་མི་དམངས་སྤྱི་འཐུས་ཟུར་བ་དང་བོད་ཀྱི་ས་ར་མཐོ་སློབ་གྱི་ལོ་རྒྱུས་དགེ་རྒན་ཆེན་པོ་བསོད་ནམས་རྒྱལ་མཚན་ལགས་དང་། ད་ལྟ་ཨོ་སི་ཊེ་རེ་ལེ་ཡར་བཞུགས་པའི་རྩོམ་པ་པོ་དང་བོད་དོན་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་བཅས་རྣམ་པ་གཉིས་དང་ལྷན་དུ་སྟག་ལྷ་རྒྱལ་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནོངས།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།