བོད་ནང་མི་རབས་གསར་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།

2022.03.08
Share on WhatsApp
Share on WhatsApp
བོད་ནང་མི་རབས་གསར་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ། ཕྱི་ལོ་༡༩༨༧ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་མི་མང་གི་ངོ་རྒོལ།
པར་ཚགས།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་ནང་༡༩༥༩ ལོར་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༦༣ འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་ཅིང་།  ཕྱི་ལོ་ ༡༩༨༧ དང་། ༡༩༨༨ དང་།   ༡༩༨༩ བཅས་སུ་མི་རབས་གསར་པའི་ལས་འགུལ་ཞེས་རྒྱ་ནག་དམར་པོའི་གཞུང་གིས་འཛིན་སྐྱོང་བྱེད་པའི་བོད་ནང་སྐྱེས་ཚར་བྱུང་བའི་མི་རབས་གཞོན་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དུས་ཚིགས་དམིགས་བསལ་བ་ཞིག་ཆགས་ཡོད་པ་རེད།  དེ་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་པའི་ཆོལ་གསུམ་ཁྱོན་དུ་རྔམ་སྟོན་ངོ་རྒོལ་སྤེལ་ཞིང་། བོད་མི་ ༡༦༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ།  འདིའི་ཁྲོད་གནས་ཚུལ་གསར་ཤོས་གཅིག་ནི་ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ཕོ་བྲང་པོ་ཏཱ་ལའི་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་རྐྱེན་འདས་སུ་གྱུར་བ་གླུ་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཡིན་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༡༩༨༠ འི་བཅུ་ཕྲག་མཇུག་གི་རྔམ་སྟོན་ངོ་རྒོལ་ནང་དངོས་སུ་ཞུགས་མྱོང་པ། ཆབ་སྲིད་བཙོན་ཟུར་ཁག་ཅིག་དང་ལྷན་ཁོང་རྣམ་པའི་ལོ་རྒྱུས་དང་། མྱོང་ཚོར་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎