མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་ནང་ལྟ་སྐོར་དུ་ཕེབས་པ།
2023.09.14
རིང་མིན་སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་དང་པོའི་ནང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་བསྐྱར་ཞིབ་གནང་རྒྱུ་ཡིན་པར་གདོང་ལེན་ཆེད། རྒྱ་ནག་གིས་རང་གི་མཐུན་ཕྱོགས་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་དུ་ལྟ་སྐོར་ལ་མགྲོན་འབོད་དང་། དེ་བཞིན་ཕྱི་སྡོད་བོད་མིར་མཐོང་ཆེན་སྤྲད་པ་སོགས་ཀྱི་ལམ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་པའི་འཁྲབ་སྟོན་བྱེད་བཞིན་ཡོད་པ་འབྲེལ་ཡོད་ཉམས་ཞིབ་པ་སོགས་ཀྱིས་དཔྱད་བརྗོད་གནང་བའི་སྐོར་ལ།བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།