བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ལ་ཕན་ཐོག་མེད་པར་གནོད་སྐྱོན་ཆེ་བ་བཏང་བཞིན་ཡོད་པ།
2024.04.13
དེ་ནས་དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཇིང་པིང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་གསར་པའི་སྐོར་དྲིལ་བསྒྲགས་ཤུགས་ཆེ་བྱས་མིན་ལ་མ་ལྟོས་པར་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ལ་ཕན་ཐོག་མེད་པར་གནོད་སྐྱོན་ཆེ་བ་བཏང་བཞིན་ཡོད་པ་དང། དེ་བཞིན་བོད་མི་རིགས་དེ་རྒྱ་བསྒྱུར་དང་ཆོས་རིག་རྒྱ་ནག་ཅན་དུ་བཙན་བསྒྱུར་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམ་ཞིབ་པ་ངག་དབང་ལུང་རྟོགས་ལགས་སུ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།