རྒྱལ་སྤྱིའི་ནང་བཙན་ཤེད་འོག་གར་སོང་ཆ་མེད་སོང་བའི་མི་སྣའི་ཉིན་མོ་ཐེངས་༣༨པ།

2021-09-07
Share
རྒྱལ་སྤྱིའི་ནང་བཙན་ཤེད་འོག་གར་སོང་ཆ་མེད་སོང་བའི་མི་སྣའི་ཉིན་མོ་ཐེངས་༣༨པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

ཕྱི་ཟླ་ ༨ ཚེས་ ༣༠ ཉིན་མོ་ནི་རྒྱལ་སྤྱིའི་ནང་བཙན་ཤེད་འོག་གར་སོང་ཆ་མེད་སོང་བའི་མི་སྣ་དག་ལ་གདུང་སེམས་མཉམ་སྐྱེད་ཞུ་བའི་དུས་དྲན་ ༣༨ པ་འཁེལ་བ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་ངོས་ནས་འདས་པའི་ལོ་ ༣ རིང་ཤེས་རྟོགས་ཐུབ་པའི་ཁོངས་བོད་མི་གར་སོང་མེད་པར་བཙན་ཁྲིད་བྱས་པ་ ༤༠ ཙམ་གསལ་སྟོན་གནང་ཡོད་ཅིང་། ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྟོགས་ལྡན་ལགས་ཀྱིས་གསུངས་ན།  བོད་མི་དེ་དག་ཁོངས་ནས་མང་པོ་ཞིག་རྐྱེན་འདས་སོང་ཟིན་ཡོད་པའི་ཚོད་དཔག་གནང་གི་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་ལགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དགུ་བཅུ་གསུམ་ཚོགས་པ་ཐོག་མར་དབུ་འཛུགས་གནང་མཁན་གྲས་ཡིན་པ་ཨོས་ཊེ་ལི་ཡར་གནས་བཞུགས་ཡེ་ཤེས་རྟོགས་ལྡན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།