བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ།

2023.11.30
བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ།
བོད་མིའི་སྒྲིག་འཛུགས།

རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་འཛུགས་སྐྲུན་ལས་གཞི་སྤེལ་དང་སྤེལ་མུས་ཡིན་པ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ཉམས་རྒུད་དུ་གཏོང་གི་ཡོད་པ་འཛམ་གླིང་ནང་གི་ཁོར་ཡུག་དོན་གཉེར་བ་མང་པོས་ངོས་འཛིན་བྱེད་བཞིན་ཡོད་ལ། ལྷག་པར་དུ་བོད་ནི་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཀྱི་རྗེས། གཏན་འཁྱགས་མང་ཤོས་ཡོད་སའི་ས་ཁུལ་དེ་ཡིན་སྟབས། འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་བཞིན་ཡོད་པས་རྒྱ་ནག་ཁོར་ཡུག་ཞིབ་འཇུག་པ་དང་དེ་བཞིན་རྒྱལ་སྤྱིའི་ནང་གི་འཁྱགས་རོམ་ཞིབ་འཇུག་པ་མང་པོས། བོད་ཀྱི་འཁྱགས་རོམ་མྱུར་ཚད་ཧ་ཅང་ཐོན་པོའི་ཐོག་ནས་ཞུར་བཞིན་པ་དེས་འཛམ་གླིང་སྤྱིའི་ཚ་དྲོད་རྒྱས་བཞིན་པ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་བརྗོད་བཞིན་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་། བོད་ཀྱི་ཁོར་ཡུག་སྐོར་ལ་བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་ཞེས་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐའེ་ལེནྜ་ཆུ་ལ་ལོང་ཀོན་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་གྱིས་ཉིན་གཉིས་རིང་ཐེ་ལན་ཌི་རྒྱལ་ཁབ་ནང་བསྐོང་ཚོགས་བྱས་ཡོད་པས་ཚོགས་འདུ་དེའི་དགོས་དམིགས་དང་། ནང་དོན། མ་འོངས་ལས་འཆར་བཅས་ཀྱི་སྐོར་ལ་ཚོགས་འདུའི་ནང་གཏམ་བཤད་སྤེལ་མཁན་གྲས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་གཉིས་ལ་ཆོས་སྐྱིད་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ།
གསར་འགོད་པ། ཆོས་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎