རྒྱ་ནག་གི་འགོ་ཁྲིད་འཛིན་བཟུང་གི་བཀའ་ཁྱབ།

2013-11-19
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུ་ཅིན་ཐའོ།
རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུ་ཅིན་ཐའོ།
པར། AFP

སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅིང་ཙེ་མིན་གཙོས་འགོ་ཁྲིད་ལྔ་འཛིན་བཟུང་བྱ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

དེ་ཡང་སི་པན་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་བོད་མི་དམངས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་དེ་བོད་ཀྱི་ཆབ་སྲིད་བཙོན་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་དང། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་བཅས་ཁག་ཅིག་གིས་Spain

ཁྲིམས་ཁང་དུ་དེ་སྔ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་དང་། ཅིང་ཙེ་མིན་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་ལྔ་ཡིས་དབང་ཆ་འཛིན་པའི་སྐབས་བོད་ནང་དུ་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ལག་བསྟར་བྱས་བའི་ཉེས་སྤྱོད་ཞུ་གཏུགས་བྱས་པ་མ་ཟད། ལྷག་དོན་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་ཡིས་དེ་སྔ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་པའི་རིང་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་ནག་ཉེས་ཁྲིམས་གཏུགས་བྱས་ཡོད་ཅིང་། ད་བར་ཁྲིམས་དཔོན་ཚོས་གནས་ཚུལ་ཞིབ་འཇུག་དང་། རྩད་ཞིབ་བྱས་པ་བརྒྱུད་ཕྱི་ཟླ་བཅུ་པའི་ཚེས་༩ ཉིན་གོང་གསལ་གྱི་བོད་མི་ཚོས་ཞུ་གཏུགས་བྱས་པ་ལྟར་ཁྲིམས་ཁང་དེས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་དེ་དག་གིས་བྱས་ཉེས་བསགས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༨ ཉིན་བསྐྱར་ཏུ་སི་པན་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་། ཧོ་ཅིན་ཐོ་གཙོས་པའི་འགོ་ཁྲིད་ལྔ་བོ་ཕྱིའི་རྒྱལ་ཁབ་གང་དུ་སླེབས་པའི་སྐབས་འཛིན་བཟུང་བྱ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་མ་ཟད། ལྷག་པར་དུ་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་སི་པན་ཁྲིམས་ཁང་དུ་འདྲི་རྩད་ཆེད་དུ་འབོད་བཀུག་བྱ་རྒྱུ་དང་། རྒྱ་ནག་གི་གཞུང་ཚབ་ཁང་བརྒྱུད་དེ་སྔ་བོད་ནང་འཛིན་པའི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དེ་ཚོའི་ཐོག་ཧོ་ཅིན་ཐོ་ལ་འདྲི་རྩད་གནང་རྒྱུའི་བཀའ་ཁྱབ་ཀྱང་བཏང་གནང་ཡོད་པ་རེད། དེའི་ཐད་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བརྗོད་དོན། གོང་ཞུས་ཁྲིམས་ཁང་གིས་ཐག་གཅོད་དེས་གང་སྟོན་ཀྱི་ཡོད་དམ་ཟེར་ན་། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ལྔ་པོ་རྒྱ་ནག་ནས་ཕྱིའི་རྒྱལ་ཁབ་གང་དུ་ཡོང་བ་ཡིན་ཡང་། འཛིན་བཟུང་འདྲི་རྩད་བྱེད་སྲིད་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་མ་ཟད་ཁོང་ཚོར་ཕྱིའི་རྒྱལ་ཁབ་ཁབ་ཁག་གི་དངུལ་ཁང་དུ་དངུལ་དང་མ་རྩ་ཡོད་པ་ཡིན་ན་དེ་དག་ཚང་མ་བཀག་བསྡོམས་བྱེད་སྲིད་པ་ཞིག་ཡང་རེད་ཅེས་བརྗོད།

ཁྲིམས་གཏུགས་དེ་ནི་གཙོ་བོ་སི་པན་བོད་དོན་རྒྱབ་བསྐྱོར་ཚོགས་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཕྱི་ལོ་༢༠༠༦ལོ་ནས་བྱས་བ་དང་། སི་པན་གྱི་ Valencia་གཙུག་ལག་སློབ་གྲ་ཆེན་མོའི་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་གི་སློབ་དཔོན་ Jose Elias Esteve Molto, དང་། སི་པན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཚན་རིགས་ཉམས་ཞིབ་པ་Alan Cantos བཅས་ཀྱིས་ལོ་15 yearsརིང་བོད་ནང་སྡུག་རྩུབ་གཏང་བའི་གནད་དོན་ཐོག་ཉམས་ཞིབ་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་རེད་འདུག

སི་པན་བོད་དོན་རྒྱབ་བསྐྱོར་ཚོགས་པ་དང་གཞུང་འབྲེལ་མེད་པའི་ཚོགས་པ་ཁག་གིས་ཕྱི་ལོ་༢༠༠༦ལོར་ནས་བཟུང་རྒྱ་ནག་གི་དཔོན་རིགས་ཁག་ལ་ཁྲིམས་གཏུགས་བྱེད་རྒྱུ་འགོ་འཛུགས་པ་དང་དེའི་སྐབས་སུ་བོད་པའི་ཆབ་སྲིད་བརྩོན་པ་གྲ་དཔའ་ལྡན་རྒྱ་མཚོ་ལགས་དང་བག་སྤྲོ་ལ་སོགས་པའི་རྒྱ་ནག་གི་བོད་ནང་སྡུག་རྩུབ་ཇི་ལྟར་བྱེད་མིན་གྱི་དངོས་ཡོད་གནས་ལུགས་ཁུངས་བསྐྱེལ་བྱེད་པ་མ་ཟད་སི་ལྷག་པར་དུ་ས་པིན་གྱི་ Valencia་གཙུག་ལག་སློབ་གྲ་ཆེན་མོའི་རྒྱ་སྤྱིའི་ཁྲིམས་ལུགས་ཐོག་གི་སློབ་དཔོན་ Jose Elias Esteve Molto, དང་སི་པན་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ཚོགས་གཙོ་ མཚན་རིགས་ཉམས་ཞིབ་པ་Alan Cantos བཅས་ཀྱི་ལོ་15 yearsརིང་བོད་ནང་སྡུག་རྩུབ་གཏང་བའི་ཀྱི་གནད་དོན་ཐོག་ཉམས་ཞིབ་བྱེད་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་རེད་འདུག

སི་པན་གཞུང་གི་རྒྱལ་ཡོངས་ཁྲིམས་ཁང་ལ་འཛམ་གླིང་ཀུན་ཁྱབས་ཀྱི་ཁྲིམས་ལུགས་དབང་ཚད་ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་དམག་འཐབ་ཀྱི་ནག་ཉེས་གསག་པ་དང་། ཡང་འགྲོ་བ་མིའི་རིགས་རྩ་མེད་བཟོ་རྒྱུའི་ནག་ཉེས་ཡོད་པ་སོགས་རྒྱལ་སྤྱིའི་ཁྲིམས་འགལ་ཀྱི་བྱ་སྤྱོད་སྤེལ་མཁན་ཚོར་ལ་ཁྲིམས་བཤེར་བྱེད་རྒྱུ་དབང་ཚད་ཡོད་འདུག

སི་པན་རྒྱལ་ཡོངས་ཁྲིམས་དེ་སྤྱི་ལོ་༡༩༧༧ལོར་བཙུགས་པ་དང་། ༡༩༩༨ལོར་Chilean རྒྱལ་ཁབ་གྱི་སྲིད་འཛིན་Pinochetལ་ཁྲིམས་གཏུག་ཁྲིམས་གཤེར་བྱས་ནས་ཁོང་དབྱིན་ཡུལ་དུ་ལོ་གཉིས་བཀག་ཉར་བྱས་བ་དང་། དེ་བཞིན་ལྷོ་ཨ་ཧྥི་རི་ཀིའི་ Rwandanདུ༡༩༩༤མི་དམངས་སྡེབ་གསོད་ གྱི་དོན་རྐྱེན་ཡང་ཇི་མིན་nazi དམག་མི་ཟུར་པ་ཁག་གཅིག་དང་། ཡང་Salvadoran ནང་འཁྲུལ་སྐབས་སུ་དམག་མི་ཟུར་པ་ཁག་གཅིག་གིས་ཡེ་ཤེས་བླ་མ་ལྐོག་གསོད་བྱས་བའི་ནག་ཉེས་སོགས་ཀྱང་ཁྲིམས་བཤེར་བྱས་འདུག

གོང་གི་རྒྱ་ནག་གི་དཔོན་རིགས་ལྔ་པོ་ནི་རྒྱ་ནག་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་། ཧོ་ཅིན་ཐོ། སྲིད་བློན་ཟུར་པ་ལེ་ཕིན། རྒྱ་ནག་བཅིངས་གྲོལ་དམག་གི་འགོ་འཛིན་ཟུར་པ་ཆེའོ་ཧྲི། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་ཟུར་པ་ཁྲིན་ཁེ་ཡེན་བཅས་ཡིན་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་། ཉི་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།