རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་ཏུ་རྩེད་འགྲན་སྐབས་ཕེབས་ཐལ་མི་ཡོང་བའི་སྐུལ་མ་གནང་བ།

2021-05-19
Share
རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་ཏུ་རྩེད་འགྲན་སྐབས་ཕེབས་ཐལ་མི་ཡོང་བའི་སྐུལ་མ་གནང་བ། འགྲོ་བ་མིའི་ཐོབ་ཐང་ཚབས་ཆེའི་རྡོག་རོལ་གཏོང་བཞིན་ཡོད་པས་ཕྱི་ལོ་༢༠༢༢ལོའི་དགུན་ཁའི་ཨོ་ལིམ་པིཀ་རྩེད་འགྲན་མགྲོན་བདག་བྱ་རྒྱུའི་འོས་བབ་ཡོད་མིན་ཉན་ཞིབ་གནང་བ།
ཨེ་ཨེཕ་པི།

CECC ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་དང་Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གཉིས་ཀྱིས་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཚབས་ཆེའི་རྡོག་རོལ་གཏོང་བཞིན་ཡོད་པས་ཕྱི་ལོ་༢༠༢༢ལོའི་དགུན་ཁའི་ཨོ་ལིམ་པིཀ་རྩེད་འགྲན་མགྲོན་བདག་བྱ་རྒྱུའི་འོས་བབ་ཡོད་མིན་ཉན་ཞིབ་གནང་ཞིང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་Nancy Pelosi་མཆོག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་སྣང་མེད་གཏན་ནས་འཇོག་ཐབས་མེད་པས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་ཏུ་རྩེད་འགྲན་སྐབས་ཕེབས་ཐལ་མི་ཡོང་བའི་སྐུལ་མ་གནང་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས།།

གསར་འགོད་པ་བསྟན་འཛིན་བདེ་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།