ཧོང་ཀོང་གི་ད་ལྟའི་གནས་སྟངས་དང་མ་འོངས་ཁ་ཕྱོགས་སོགས་ཀྱི་ཐད་གླེང་མོལ།


2019-11-27
Share
ཧོང་ཀོང་གི་ད་ལྟའི་གནས་སྟངས་དང་མ་འོངས་ཁ་ཕྱོགས་སོགས་ཀྱི་ཐད་གླེང་མོལ། ཨ་རིའི་ནིའུ་ཡོག་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ཚོགས་གཙོ་ངག་དབང་མཐར་ཕྱིན་དང་། བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དེ་བཞིན་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཡེ་ཤེས་ཟླ་བ་ལགས།
རྡོ་རྗེ་དགྲ་འདུལ།


ཧོང་ཀོང་ནང་འོས་བསྡུ་བྱས་པའི་ནང་མང་གཙོའི་ཕྱོགས་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་།གཞུང་འཛིན་ཕྱོགས་གཏོགས་ཕམ་ཉེས་ཆེན་པོ་བྱུང་བའི་རྗེས་ཧོང་ཀོང་དམིགས་བསལ་སྲིད་གཞུང་གི་འགོ་ཁྲིད་ཀེ་རི་ལེམ་Carrie Lam་ནས་མང་ཚོགས་ཀྱི་བདེ་སྡུག་ལ་ཉན་ཞིབ་གནང་རྒྱུ་ཡིན་ལུགས་གསུངས་དགོས་བྱུང་ཡོད་པ་བཅས་དང་། ཧོང་ཀོང་གི་ད་ལྟའི་གནས་སྟངས་དང་མ་འོངས་པའི་ཁ་ཕྱོགས། ལྷག་པར་དུ་ཨ་རིའི་སྲིད་འཛིན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱིས་སྤྱི་མོས་བཏན་འབེབས་བྱེད་པའི་ཧོང་ཀོང་གི་དམངས་གཙོ་ཁྲིམས་འཆར་ཐོག་མཚན་རྟགས་བཀོད་སྲིད་མིན་གྱི་སྐོར། བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཡེ་ཤེས་ཟླ བ་དེ་བཞིན་ཨ་རིའི་ནིའུ་ཡོག་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ཚོགས་གཙོ་ངག་དབང་མཐར་ཕྱིན་ལགས་རྣམ་པ་གསུམ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་དབར་གླེང་མོལ་གནང་བར་གསན་རོགས།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།