བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་བཟོས་དང་བཟོ་མུས་ཡིན་པ་ཁོར་ཡུག་ཉམས་ཞིབ་པ་ཚོས་སྙན་ཐོ་རིམ་པར་སྤེལ་ཡོད་པ།

2021-06-05
Share
བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་བཟོས་དང་བཟོ་མུས་ཡིན་པ་ཁོར་ཡུག་ཉམས་ཞིབ་པ་ཚོས་སྙན་ཐོ་རིམ་པར་སྤེལ་ཡོད་པ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ༡༩༧༤ ལོར་ཁོར་ཡུག་ཉིན་མོར་གཏན་འབེབས་གནང་སྟེ་འདི་ལོ་བགྲང་བྱ་ ༤༧ འཁོར་བ།
ཛམ་ལྷ་བསྟན་པ་རྒྱལ་མཚན།

ཕྱི་ཟླ་ ༦ ཚེས་ ༥ ཉིན་མོ་ནི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ༡༩༧༤ ལོར་ཁོར་ཡུག་ཉིན་མོར་གཏན་འབེབས་གནང་སྟེ་འདི་ལོ་བགྲང་བྱ་ ༤༧ འཁོར་ཞིང་།  འདི་ནི་ཁོར་ཡུག་སྲུང་སྐྱོབས་ཐད་མི་མང་ལ་གོ་བསྐོན་སློབ་གསོ་སྤེལ་རྒྱུ་གལ་ཆེར་གཟིགས་ནས་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་དུས་དྲན་ཞིག་ཡིན་པ་དང་།  འདི་ལོའི་དྲིལ་བསྒྲགས་སློབ་གསོའི་བརྗོད་གཞི་ནི།  འཇིགས་རྟེན་གནོད་བཅུད་བསྐྱར་གསོ་དང་འབྲེལ་བའི་སློབ་གསོ་སྤེལ་རྒྱུ་དེ་ཡིན་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མཐོ་སྒང་འདི་རྒྱ་ནག་དམར་ཤོག་ཚོགས་པས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་ཁོར་ཡུག་ལ་ཉམས་རྒུད་དང་གཏོར་སྐྱོན་ཚད་མེད་བཟོས་དང་བཟོ་མུས་ཡིན་པ་ཁོར་ཡུག་ཉམས་ཞིབ་པ་ཚོས་སྙན་ཐོ་དང་རྩོམ་ཡིག་རིམ་པར་སྤེལ་ཡོད་པ་རེད།  གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གནོད་བཅུད་ཀྱི་གནས་བབ་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཁུར་བ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་ལྷན་གླེང་མོལ་ཞུས་པའི་ལས་རིམ་ལ་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།