ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་དུ་རྡོ་རིང་ཞིག་གི་ཐོག་ལ་ཐེངས་དང་པོ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་དོན་ལས་འགུལ་སྤེལ་ཡོད་པ།

2022.02.02
Share on WhatsApp
Share on WhatsApp
ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་དུ་རྡོ་རིང་ཞིག་གི་ཐོག་ལ་ཐེངས་དང་པོ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་དོན་ལས་འགུལ་སྤེལ་ཡོད་པ། ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་། སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་དང་། སྦེལ་ཇམ་གནས་བཞུགས་དང་པར་ལེན་ཕྱོགས་བསྒྲིགས་གནང་མཁན་བསོད་ནམས་ལྷ་སྒྲོན་བཅས་རྣམ་པ་གསུམ་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་མོལ་ཞུས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཉེ་ལམ་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་དུ་བོད་རིགས་ཚོགས་པས་འཆར་གཞི་ལྡན་པ་དང་ཆོག་མཆན་ཡོད་པའི་ཐོག་ནས། ཆབ་སྲིད་ཀྱི་གནད་འགག་ཆེ་བའི་རྡོ་རིང་ཞིག་གི་ཐོག་ལ་ཐེངས་དང་པོ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་དོན་ལས་འགུལ་སྤེལ་སྐབས། ས་གནས་བརྒྱུད་ལམ་ཁག་མང་པོའི་ནང་གནས་ཚུལ་བཀོད་ནས་ཁྱབ་བསྒྲགས་ཆེན་པོ་བྱུང་འདུག
ཡང་རྒྱ་ནག་གི་ལོ་གསར་དུས་ཚེས་དང་བསྟུན་ནས་ཡོ་རོབ་སི་པེན་གྱི་གྲོང་ཁྱེར་སྦར་སི་ལོ་ནར་སྤྱི་ཟླ་དང་པོའི་༢༩ཉིན་རྒྱ་ནག་གཞུང་ཚབ་ཡན་ལག་གིས་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱས་ཏེ། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་པ་ལ་ས་གནས་བོད་རིགས་ཚོགས་པའི་བོད་མི་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་ཕྱྭར་ཏེ་ངོ་རྒོལ་བྱས་ཡོད་པའི་གནད་དོན་ཡང་བྱུང་འདུག གོང་ཞུས་གནད་དོན་དང་འབྲེལ་ནས་དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་བོད་ཀྱི་རྩ་དོན་ཆེད་དམིགས་ཡུལ་གསལ་པོ་ཡོད་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུའི་གནད་འགག་གི་སྐོར། ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་དང་། སྦེལ་ཇམ་གནས་བཞུགས་དང་པར་ལེན་ཕྱོགས་བསྒྲིགས་གནང་མཁན་བསོད་ནམས་ལྷ་སྒྲོན་བཅས་རྣམ་པ་གསུམ་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎