བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་འདུ།

2021-05-11
Share
བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་འདུ། བོད་དང་ཤིང་ཅང་གཉིས་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་བྱེད་དགོས་པའི་སྐུལ་ལྕགས་གནང་ཡོད་པ།
དབྱིན་གཞུང་།

༄༅།།བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་རྣམ་པས་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པར་ཐུགས་ཚབས་ཡོད་པ་གསལ་སྟོན་དང་འབྲེལ་བོད་དང་ཤིང་ཅང་གཉིས་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་བྱེད་དགོས་པའི་སྐུལ་ལྕགས་གནང་ཡོད་ཅིང་།  ཚོགས་འདུ་འདིའི་ཐོག་ལ་རྒྱལ་ཁབ་བདུན་ཙམ་མ་ཟད།  རྒྱ་གར་དང་ཨོས་ཊེ་ལི་ཡའི་དཔོན་རིགས་སོགས་དམངས་གཙོའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱང་གདན་ཞུ་གནང་ཡོད་ལ།  རིང་མིན་ཕྱི་ཟླ་ ༦ ཚེས་ ༡༡ ནས་ ༡༣ བར་དབྱིན་ཡུལ་ ཀོརྞ་ཝལ་ཁུལ་གྱི་ཀིརིས་སྦེ་ས་གནས་སུ་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་སྲིད་འཛིན་དང་སྲིད་བློན་རྣམ་པ་དང་། ཡོ་རོབ་མཐུན་ཚོགས་ཀྱི་དཔོན་རིགས། དེ་བཞིིན་སྐུ་མགྲོན་རྒྱལ་ཁབ་ཁག་གི་དཔོན་རིགས་བཅས་ནས་ལྷན་བཞུགས་ཐོག་བཀའ་བསྡུར་གནང་གཏན་འཁེལ་བ་ལྟར། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དབྱིན་ཡུལ་ནང་ཡོད་པའི་བསྟན་འཛིན་ཀུན་དགའ་ལགས་དང་ལྷན་ཆབ་སྲིད་ཀྱི་འགྱུར་འགྲོས་འདིའི་ཁྲོད་དུ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལངས་ཕྱོགས་ཞེས་པའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།