ཨ་མི་རི་ཀའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་ལ་ཉེས་ཆད་བཀེལ་ཡོད་པ།

2022.12.19
ཨ་མི་རི་ཀའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་ལ་ཉེས་ཆད་བཀེལ་ཡོད་པ།
ཨེ་པི།

ཨ་མི་རི་ཀའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གྱི་སྒྲིག་འཛུགས་དང་དཔོན་རིགས་མང་པོ་ཞིག་ལ་ཉེས་ཆད་བཀེལ་ཡོད་ཅིང་། འདིའི་ཁོངས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུ་ཡིན་ཅི་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཉེན་རྟོག་སྤྱི་ཁྱབ་དྲུང་ཆེ་ཀྲང་ཧོང་སྦོ་གཉིས་ལ་ཨ་རིའི་ནང་དཔལ་འབྱོར་ཇི་ཡོད་བཀག་སྡོམ་དང་ཁྲིམས་འགལ་གྱི་གཏོང་ལེན་བྱེད་བཞིན་པའི་དཔལ་འབྱོར་མ་དངུལ་རྣམས་གཞུང་བཞེས་གཏོང་རྒྱུའི་ཐག་གཅོད་གནང་ཡོད་པ་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ནང་བཀོད་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  ཉེས་ཆད་འདིའི་ཤུགས་རྐྱེན་ཇི་ཡོད་དང་། འདིར་རྒྱ་ནག་གིས་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་ཐད་བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎