0:00 / 0:00
༄༅༎བཞུགས་སྒར་དུ་བོད་ཀྱི་ལོ་རྒྱུས་ཀྱི་འཁྱུག་བལྟ་ཞེས་པའི་དཔར་དང་དངོས་པོའི་འགྲེམ་སྟོན་ཞིག ཕྱི་དྲིལ་བཀའ་བློན་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང༌། འགྲེམས་སྟོན་དེའི་ནང་གཡུང་དྲུང་བོན་ནས། བོད་ཀྱི་བཙན་པོའི་དུས་རབས་དང་། བོད་ལ་ནང་ཆོས་དར་ཚུལ། བོད་ཀྱི་ཡི་གེ ༧རྒྱལ་བ་རིམ་བྱོན་གྱི་མཛད་རྣམ། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་སོགས་གོ་རིམ་ལྡན་པའི་ལོ་རྒྱུས་ཀྱི་སྙིང་པོ་ཁག་ཚུད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎