འཕགས་མོ་དོན་གྲུབ་ལགས་ཀྱི་ཆེད་མཆོད་འབུལ།
2013.04.16
༄༅༎བོད་མདོ་སྨད་བྱ་ཁྱུང་དགོན་གྱི་ཆོས་རའི་ནང་དུ་འཕགས་མོ་དོན་གྲུབ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་རྗེས་ཁོང་གི་ཨ་ཕ་ལ་རྒྱ་གཞུང་གིས་བཙན་གྱིས་མཛུབ་ཐེལ་རྒྱག་ཏུ་བཅུགས་ཡོད་པ་དང་།འདས་པོ་ཁོང་གི་དགུང་ཞག་ཞེ་དགུ་ཚང་བར་དགོན་གྲོང་གཉིས་ཀྱིས་གསང་བའི་སྒོ་ནས་མཆོད་འབུལ་སྨོན་ལམ་བྱས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་ཡོང་བའི་གནས་ཚུལ་ཞིག་ལ་གསན་རོགས༎