བོད་རྒྱ་ཞི་མོལ་ཆེད་གྲ་སྒྲིག་ཡོད་གསུངས།
2012.08.21
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་པར་གྷ་ཏི་མེ་དྷན་(Pragati Maidan)གྱི་(Foreign Correspondent’s Club)ཞེས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ལས་ཁང་གི་ཚོགས་ཁང་འདུ་འཛོམས་བྱུང་བའི་ཕྱི་ནང་གི་གསར་འགོད་པ་ ༥༠ བརྒལ་བར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་དང་དྲི་བར་ལན་འདེབས་གནང་སྐབས། ངོས་ནས་བཀའ་ཁྲིའི་འགན་འཁུར་དམ་འབུལ་ཞུས་རྗེས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ཅེས་སོགས་གསུངས་འདུག ཞིབ་ཕྲ་ལྡི་ལིར་ཡོད་པའི་ང་ཚོའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།