0:00 / 0:00
༄༅༎འདི་ལོ་སྤྱི་ཟླ་ ༥་པའི་ཚེས་ ༢་ཉིན་བོད་དུ་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་བརྒྱབས་མཁན་བོད་མི་བསམ་གྲུབ་རྒྱ་མཚོ་ལགས་ད་ཆ་ལྷ་སའི་གྲ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས་ཡོད་པའི་སྐོར། བཞུགས་སྒར་དུ་གནས་སྡོད་བསྟན་པ་དར་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པ་བློ་བེ་ལགས་སུ་ཁུངས་ལྡན་གྱི་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་གནོངས༎