སླར་ཡང་རང་སྲེག་གནང་འདུག

མདོ་སྨད་རྔ་བ་ཁུལ་དམར་ཐང་རྫོང་ངམ་ཁྱུང་མཆུ་རྫོང་སྦྲ་ཆེན་ཞང་དུ།བོད་མི་གྲུབ་མཆོག་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

2013.01.18
རྒྱལ་གཅེས་པ་གྲུབ་མཆོག་ལགས་ནས་རང་སྲེག་གནང་སྐབས་ཀྱི་འདྲ་པར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།
གསར་འགྱུར་ལ་གསན་རོགས།

༄༅།    །དེ་རིང་ཕྱི་ཚེས་༡༨ཉིན་པེ་ཅིང་གི་ཆུ་ཚོད་༣།༡༥ཙམ་གྱི་ཐོག    རྒྱ་གཞུང་གིས་དབྱེ་བའི་བོད་ཨ་མདོ་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁོངས་སུ་གཏོགས་པ། རྒྱ་ནག་གི་སྐད་དུ་ཧོང་ཡན་རྫོང་དང་བོད་སྐད་ཀྱི་ནང་དུ་དམར་ཐང་རྫོང་ངམ་ཁྱུང་མཆུ་རྫོང་དུའང་འབོད་སྲོལ་ཡོད་པའི་ཁོངས་ལས།དབལ་ཤུལ་རྨེ་བའི་སྦྲ་ཆེན་ཞང་གི་རུ་ཁག་གཉིས་པའི་གཙོས་རུ་ཕ་ཀྱོག་པོ་ཚང་གི་བུ།རང་ལོ༢༨ཡིན་པ་གྲུབ་མཆོག་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་འདུག    ཞིབ་ཕྲ་ང་ཚོའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་འདུག  འོན་ཀྱང་རྐྱེན་འདས་གྱུར་བའི་གྲངས་འབོར་དེ་བས་མང་བ་ཡོད་ཉེན་ཆེ་སྐོར་བོད་ནང་ནས་བརྗོད་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎