བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ།
ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་གངས་ལྗོངས་རང་ལྡན་རྩོད་ལན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ལྦ་ར་ཎ་སི་ནས་བོད་དོན་ལས་འགུལ་དབུ་བཙུགས་གནང་བ།
-
2009-01-18 -
-
-
Your browser doesn’t support HTML5 audio
| གསར་འགྱུར་ལ་གསན་རོགས་གནང་། |
༄༅༎གངས་ལྗོངས་རང་ལྡན་རྩོད་ལན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་རྒྱ་གར་མི་མང་ཁྲོད་བོད་དོན་ཁྱབ་བསྒྲགས་སྤེལ་རྒྱུའི་ཆེད་དུ་གནས་མཆོག་ལྦ་ར་ཎ་སི་ནས་རྒྱ་གར་ལྷོ་ཕྱོགས་ཧུཔ་ལི་བར་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་ཞིག་དབུ་བཙུགས་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་གྱིས་གནས་ཚུལ་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎