0:00 / 0:00
༄༅། །ཁ་སང་ཕྱི་ཟླ་༨ ཚེས་༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་ཆགས་སུ་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་ཚོའི་ཆེད་དུ་དམིགས་ནས་དམིགས་བསལ་མཆོད་འབུལ་རྒྱས་པ་ཞིག་གནང་ཡོད་པས་མ་ཚད། བཀའ་ཁྲིའི་མ་འོངས་པའི་ལས་དོན་ཐ་དག་འབད་མེད་ལྷུན་གྱིས་གྲུབ་པའི་སྨོན་ལམ་གསུང་བསྐུལ་ཡང་གནང་འདུག ཞིབ་ཕྲ་ང་ཚོའི་ལྡི་ལིའི་གསར་འགོད་པ་བསོད་ནམས་དབང་འདུས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།