བཤད་སྒྲུབ་ལྷ་མོ་འཛིན་བཟུང་།
2012.08.27
བོད་ནས་བཏང་འབྱོར།
༄༅༎ཕྱི་ཟླ་༨ཚེས་༢༥རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ཁམས་དཀར་མཛེས་ཁུལ་བཙུན་མ་ཞིག་གི་རྒྱ་ནག་གཞུང་ལ་བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་རྒྱབ་པར་བརྟེན་ཁོ་མོ་འཛིན་བཟུང་བྱས་ཡོད་འདུག
དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་གྱི་རང་ལོ་ ༣༩ ཡིན་པའི་བཙུན་མ་བཤད་སྒྲུབ་ལྷ་མོ་ཞུ་བས་རྫོང་གི་ཁྲོམ་གཞུང་ནང་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ཁོང་ནས་ངོ་རྒོལ་བྱས་པའི་སྐབས་ཡིག་ཆ་མང་པོ་བཀྲམས་ཡོད་འདུག་པ་དང་། དེ་མ་ཐག་ཉེན་རྟོག་པ་བསླེབས་ནས་ཁོ་མོ་འཛིན་བཟུང་བྱས་ཡོད་པ་མ་ཟད་སྐབས་དེར་ཕྱི་རྒྱལ་མི་རིགས་ཤིག་ནས་ཡིག་ཆ་པར་བརྒྱབ་པའི་ཉེས་འཛུགས་འོག་ཁོ་པའང་རྒྱ་ནག་གཞུང་ནས་པར་ཆས་འཕྲོག་པ་དང་། འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ཀྱི་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎