ཁེ་ན་ཌའི་གྲོས་ཚོགས་ནང་སྙན་སེང༌།
2013.03.13
༄༅༎ཕྱི་ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང༌། ལྷག་པར་བོད་ནང་གི་རང་ལུས་མེར་སྲེག་དང་བོད་ནང་རྒྱ་ནག་གཞུང་གིས་འཛིན་པའི་དྲག་གནོན་གྱི་སྲིད་བྱུས། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་མེད་པའི་དཀའ་ངལ་སོགས་ཀྱི་ཐོག་ཉན་ཞིབ་གནང་བའི་བསྐོར་རྡོ་རྗེ་དགྲ་འདུལ་གྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་པར་ཉན་རོགས།།