0:00 / 0:00
༄༅། །དེ་ཡང་ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སྟེང་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ཐོག་ཏུ། རང་ལོ་ ༡༨ ཡིན་པའི་བསང་ཁོག་དངུལ་རྭའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཞིབ་ཕྲ་འཆི་མེད་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས་གནང་།།
