བོད་ནང་གི་བོད་མི་ཕར་འགྲོ་ཚུར་འོང་ལ་དཀའ་ངལ།
2012.12.26

AFP
༄༅། །ཉེ་བའི་ལོ་ཤས་ནས་བཟུང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོས་བ་མང་པོ་རྒྱ་གར་གྱིི་རྒྱལ་ས་ལྡེི་ལི་དང་། བལ་ཡུལ་གྱི་རྒྱལ་ས་Kathmanduནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་བརྒྱུད་ཕྱིར་བོད་ལ་ལོག་ཆོག་པའི་ལག་ཁྱེར་ཡིག་ཆ་ཁྱེར་ནས་ད་བར་བོད་མི་མང་པོ་ཕར་འགྲོ་ཕྱིར་ལོག་བྱས་ཐུབ་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་རྒྱ་གར་གཞུང་གིས་གལ་སྲིད་བོད་མི་ཚོར་རྒྱ་ནག་གཞུང་ཚབ་ཁང་གི་ལག་ཁྱེར་ཡིག་ཆ་དེ་ཡོད་ཀྱང་། དེའི་ཐོག་ལ་རྒྱ་གར་གཞུང་གིས་ཆོག་མཆན་ཐེལ་ཙི་སོགས་མེད་ན་བལ་ཡུལ་གཞུང་གིས་ལག་དེབ་དེ་ངོས་ལེན་བྱས་མི་ཆོག་པ་བཟོས་ཡོད་སྟབས། ཕར་འགྲོ་ཕྱིར་ལོག་བྱས་པའི་བོད་མི་མང་པོ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་རེད་འདུག།