བཀའ་་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱལ་སྐུ་གྲོངས།

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དེ་རིང་སྐུ་གྲོངས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

2012.12.30
བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དེ་རིང་སྐུ་གྲོངས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲ་གནས།

༄༅༎ཕྱི་ཟླ་༡༢ཚེས་༣༠རེས་གཟའ་ཉི་མའི་ཉིན་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་འདུག
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་རྒྱུན་རིང་ནས་གསོལ་བྲོད་ཀྱི་ཀན་སར་བསྙུན་གཞི་བཞེས་ནས་སྨན་བཅོས་རིམ་པ་གནང་ཡོད་ཀྱང་དངས་སྐྱེད་མ་བྱུང་བར། ད་རིང་རེས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ་བཞུགས་སྒར་ཉེ་འཁྲིས་ནོར་བུ་གླིང་ཁའི་ཁུལ་རང་ཁྱིམ་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དམ་པ་དེ་ནི་བོད་ཀྱི་ཁམས་བྲག་གཡབ་ཁུལ་འཁྲུངས་ཤིང་། འདི་ལོ་དགུང་གྲངས་བདུན་བཅུ་དོན་བདུན་ཕེབས་ཀྱི་ཡོད་འདུག
བཀའ་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱལ་དམ་པ་དེ་ནི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་ཐུགས་འགན་ཕྱི་ལོ་ ༡༩༩༧ ནས་ཕྱི་ལོ་ ༢༠༠༡ བར་བཞེས་མྱོང་ཡོད་པ་དང་། དེའི་གོང་ཕྱི་དྲིལ་དྲུང་ཆེས་གཙོས་གནས་རིམ་འདྲ་མིན་ཐོག་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་གྲས་ཡིན་པ་དང་། ཤེས་བྱ་རྩོམས་བྲིས་དང་གསར་གཏོད་གནང་མཁན་ཡང་ཡིན་པ་སོགས་གང་ལྟར་བཀའ་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱལ་དམ་པ་དེས་སྐུ་ཚེ་ཧྲིལ་བུ་བོད་མིའི་རྩ་དོན་ཆེད་ཐུགས་འཁུར་ཆེ་བཞེས་ཀྱི་ཕྱག་ལས་གནང་ཡོད་པ་རེད། བཀའ་ཟུར་དམ་པ་དེར་རྗེས་ཤུལ་སྐུ་ཟླ་དང་བུ་མོ་གསུམ་ཡོད་པ་རེད། ཡང་ད་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཀྱང་ངོ་དེབ་ཀྱི་དྲ་རྒྱའི་ནང་། བཀའ་ཁྲི་ཟུར་པ་དམ་པ་དེའི་རྗེས་ཤུལ་ནང་མི་ཚོར་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎