དོན་གྲུབ་དབང་ཆེན་ཆེད་འབོད་སྐུལ།
2013.10.10

༄༅༎ཕྱི་ཟླ་༡༠ཚེས་༩རེས་གཟའ་ལྷག་པའི་ཉིན་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་ལགས་དང་།ཨ་རིའི་གློག་བརྙན་འཁྲབ་སྟོན་པ་པེ་ཊར་ཀ་ཡོ་ཊི་ Peter Coyote གཉིས་ནས་ཨ་རིའི་མངའ་སྡེ་ཁེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཕརེན་སིསཀོ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་དོན་གྲུབ་དབང་ཆེན་ལགས་གློད་བཀྲོལ་ཡོང་བའི་འབོད་སྐུལ་གནང་འདུག ལྷག་པར་དུ་ཕྱི་ླ་༡༠ཚེས་༡༧གྱི་ཉིན་དོན་གྲུབ་དབང་ཆེན་ལགས་ཀྱི་སྐྱེ་སྐར་ཉིན་མོ་འཁེལ་གྱི་ཡོད་པར་བརྟེན་བཟའ་ཟླ་ལྷ་མོ་མཚོ་ལགས་དང་ཕྲུ་གུ་ཚོས་གོ་སྐབས་དེ་དང་སྟབས་བསྟུན་དོན་གྲུབ་དབང་ཆེན་ལ་སྐྱེ་སྐར་གྱི་འཚམས་འདྲི་དང་རེ་འདུན་འཁོད་པའི་འཕྲིན་ཡིག་རྒྱ་མིའི་གཞུང་ཚབ་ཁང་བརྒྱུད་བཏང་བའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ཞིག་གསན་རོགས༎