རྒྱ་གར་རང་བཙན་ཐོབ་ནས་ལོ་༦༦།
2012.08.15
འཇིགས་མེད་སྙན་གྲགས།
༄༅།།ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༥ ཉིན་ ཐོག་བཀའ་ཤག་གི་མདུན་ཐང་དུ་བཀའ་ཁྲི་མཆོག་དང༌།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་ཐེངས་ ༦༦ སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང༌། མཛད་སྒོའི་སྐབས་བཀའ་ཁྲི་མཆོག་གིས་རྒྱ་གར་རྒྱལ་དར་འགྲེང་སྟེ།རྒྱ་གར་གྱི་རྒྱལ་གླུ་ལེན་ནས་རྒྱ་གར་གཞུང་མང་ཡོངས་ལ་འཚམས་འདྲི་ཞུས་ཡོད་འདུག།