འདམ་གཞུང་དུ་རང་ལུས་མེར་བསྲེག

གནས་ཚུལ་ཕྱི་ཕྱོགས་སུ་ཤོད་མི་ཆོག་པའི་བཙན་བཀའ་བཏང་ནས་ཁུལ་དེ་དམ་བསྒྲགས་ཆེན་པོའི་འོག་གནས་ཡོད་པ།
2012-07-09
གློག་འཕྲིན།
མཆན།
Share
པར་བཀོད།
གནས་ཚུལ་ཕྱི་ཕྱོགས་སུ་ཤོད་མི་ཆོག་པའི་བཙན་བཀའ་བཏང་ནས་ཁུལ་དེ་དམ་བསྒྲགས་ཆེན་པོའི་འོག་གནས་ཡོད་པ།
གནས་ཚུལ་ཕྱི་ཕྱོགས་སུ་ཤོད་མི་ཆོག་པའི་བཙན་བཀའ་བཏང་ནས་ཁུལ་དེ་དམ་བསྒྲགས་ཆེན་པོའི་འོག་གནས་ཡོད་པ།
ཕལི་ཀར་ཌེ་ནིཡལ།

༄༅༎ཕྱི་ཟླ་༧ཚེས་༧རེས་གཟའ་ཉིན་མའི་ཉིན་འདམ་ཆུ་ཁ་གྲོང་བརྡལ་མཆོད་རྟེན་ཁུགས་ནས་ཡིན་པའི་ན་གཞོན་རང་ལོ་༢༢ཡིན་པ་ཞིག་གིས་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
ངོ་རྒོལ་བྱས་ནས་ཅུང་ཙམ་སོང་རྗེས།རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ལུས་པོའི་མེ་བསད་ནས་རྫོང་སྨན་ཁང་དུ་ཁྲིད་ཡོད་པ་དང་དེ་ནས་མི་སུ་ཞིག་དང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད་ཐ་ན་གནས་ཚུལ་དེའི་སྐོར་སུ་ཞིག་གིས་ཀྱང་ཕྱི་ལ་ཤོད་མི་ཆོག་པའི་བཙན་བཀའ་བཏང་འདུག ད་ལྟའི་ཆར་འདམ་གཞུང་རྗོང་དུ་ཧ་ཅང་གི་དམ་དྲག་འོག་གནས་ཡོད་འདུག་ལ། ཁ་པར་ཚང་མ་བཀག་ནས་ ཕྱི་ཕྱོགས་ནས་འབྲེལ་བ་བྱེད་ཐབས་མེད་པ་མ་ཟད། ཐ་ན་ལྷ་ས་གྲོང་ཁྱེར་སོགས་བོད་ནང་ཁུལ་གྱི་ས་ཆ་ནས་འདམ་གཞུང་རྫོང་ཐོག་ཏུ་ཁ་པར་འབྲེལ་བ་བྱེད་ཐབས་མེད་པ་གནས་འདུག ད་ལྟའི་ཆར་ཁོང་གང་དུ་ཡོད་མིན་དང་འཆི་གསོན་གྱི་གནས་ཚུལ་སོགས་གང་ཡང་ཤེས་ཐབས་མེད་པ་ཆགས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།