གཏེར་ཁ་འདོན་ཡུལ་དུ་ས་རུད་བརྒྱབ་པ་༢།
2013.04.16
༄༅༎ཐེངས་འདིའི་འཛམ་གླིང་སྐར་ཁུང་གི་ལེ་ཚན་ནང་།ཉེ་ལམ་བོད་དབུས་ཕྱོགས་མལ་གྲུ་གོང་དཀར་ཁུལ་གྱི་གཏེར་ཁ་སྔོག་འདོན་བྱེད་སར་ས་རུད་བརྒྱབ་པའི་དོན་རྐྱེན་སྐོར་གནས་ཚུལ་འགོད་ཕྱོགས་ཀྱི་ཐད་རྒྱ་ནག་གཞུང་གི་དྲི་བསྒྲགས་ལས་ཁང་གིས་གསང་བའི་བཀའ་རྒྱ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་དགོས་པ་རྒྱུ་མཚན་ཇི་ཡིན་སོགས་ཀྱི་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་དང་འཛུགས་སྐྲུན་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་སུ་ངག་དབང་ཆོས་འཕེལ་ལགས་ནས་གནས་འདྲི་ཞུས་པར་མུ་མཐུད་ནས་གསན་རོགས༎