གསར་འགོད་པའི་ས་མིག་སྟོང་པ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལྡི་ལི་དང་བལ་ཡུལ་ནས་གནས་ཚུལ་མཁོ་གཏོང་དགོས་པའི་གསལ་བསྒྲགས།

༄༅༎ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དབུས་སྐད་དང་ཨམ་སྐད་ཐོག་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་གཉིས་དང་བལ་ཡུལ་གྱི་རྒྱལ་ཀཐ་མན་ཌུ་ནས་ཨམ་སྐད་ཐོག་ལ་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་གཅིག་དགོས་པའི་ས་མིག་གསལ་བསྒྲགས།
དགོས་ངེས་ཆ་རྐྱེན།
༡༽   དབུས་སྐད་གསར་འགོད་པར་དབུས་སྐད་དང་ཨམ་སྐད་གསར་འགོད་པ་ལ་ཨམ་སྐད་ལ་བྱང་ཆ་ཡོད་པའི་ཐོག་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ།ཡང་ན་མཐོ་སློབ་གྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པ།
༢༽ དབྱིན་ཡིག་དང༌། དབྱིན་སྐད་། ཡང་ན་རྒྱ་ཡིག་དང་། རྒྱ་དཀར་ནག་གི་སྐད་ཀྱི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།
༣༽ བོད་ཕྱི་ནང་དང༌། རྒྱ་ནག་། རྒྱལ་སྤྱིའི་གནས་སྟངས་སོགས་ལ་ཤེས་ཚད་གང་ལེགས་ཡོད་པ།
༤༽  དྲང་བདེན་དང་ ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།
༥༽ སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་གི་ཤུགས་རྐྱེན་འོག་
མ་སོང་བར་དྲང་ཚུགས་ཟིན་པའི་གསར་འགོད་པའི་ངོ་བོར་གནས་ཐུབ་པ་དགོས།
༦༽ རང་ཉིད་གནས་ཡུལ་རྒྱལ་ཁབ་ནང་གི་གསར་འགོད་པའི་སྒྲིག་གཞི་ཤེས་རྟོགས་ཡོད་པ་།
ལས་འགན།
རྒྱ་གར་དང་བལ་ཡུལ་ཁུལ་དུ་བྱུང་བའི་གལ་འགངས་ཆེ་བའི་གནས་ཚུལ་སྤྱི་དང་། ལྷག་པར་དུ་བོད་ནང་གི་ས་ཁུལ་འདི་དག་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་ཀྱིས་ཞིབ་དཔྱོད་བྱེད་པའི་ཐོག་། ཁུངས་ལྡན་ར་སྤྲོད་འཕེར་ངེས་ཀྱི་གནས་ཚུལ་ཁག་དངོས་བྱུང་རང་བཞིན་ཅན་གྱི་སྒྲ་དང་གཞན་ལ་བཅར་འདྲི་བྱས་པའི་སྒྲ་དང་དཔར་བཅས་པ་དུས་ཐོག་ཏུ་གཏོང་ཐུབ་པ་དགོས།   གཞུང་དང་སྒྲིག་འཛུགས་ཁག་གིས་སྤེལ་བའི་དྲིལ་བསྒྲགས་དེ་འདྲ་ཁོ་ནའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མིན་པར་མཐོང་རྒྱ་དང་ཐོས་རྒྱ་ལྡན་པའི་ངང་ས་གནས་སོ་སོ་ནས་གནས་ཚུལ་སྣ་ཚོགས་མཁོ་སྒྲུབ་ཐུབ་པ།

ལས་ཡུན་ཆོད་གན།  ཆོད་གན་དུས་ཡུན་ལོ་གཅིག་རིང་ཡིན་ཞིང་།ལོ་ལྟར་ཕྱི་ཟླ་དགུ་པའི་མཇུག་ཏུ་གན་རྒྱ་སྐྱར་གསོ་བྱ་རྒྱུ།
གོང་གསལ་གྱི་གསར་འགོད་པའི་ལས་ཀ་འདི་བཞིན་ཆོད་གན་གྱི་ས་མིག་ཞིག་ཡིན་པ་ལས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ངོ་མ་མིན། ལོ་ལྟར་གན་རྒྱའི་འོག་ལས་ཀ་བྱེད་དགོས།
གོང་གསལ་ཆ་རྐྱེན་ཚང་ཞིང་། ཆོད་གན་གྱི་ས་མིག་གི་ལས་ཀར་ཞུགས་འདོད་ཡོད་པ་རྣམས་ནས་། གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་འཁྱེར་དང་། དོ་བདག་གི་ལོ་རྒྱུས།གསར་འགོད་པའི་ལས་ཀ་བྱེད་འདོད་པའི་རྒྱུ་མཚན་འཁོད་པའི་ཁ་ཡིག་དང་། དམིགས་ཡུལ་མདོར་བསྡུས་བཅས་ཕྱི་ལོ་༢༠༡༤ ཕྱི་ཟླ  ༧ ཚེས  ༡༥འགྱངས་མེད་
གློག་འཕྲིན་ཁ་བྱང་ Email: chhonzomd@rfa.org  བརྒྱུད་ནས་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org