༧གོང་ས་མཆོག་གིས་རྒྱལ་ཡོངས་ནང་བའི་ལྷན་ཚོགས་དབུ་འབྱེད།


2013.11.14
Share on WhatsApp
Share on WhatsApp
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་ཡོངས་དཔལ་ནཱ་ལེན་དྲའི་ནང་པའི་ལྷན་ཚོགས་དབུ་འབྱེད། ༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་དཔལ་ནཱ་ལེན་དྲའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་ཡོད་འདུག
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཨྱོན་བསྟན་འཛིན།

༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་དཔལ་ནཱ་ལེན་དྲའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་ཡོད་འདུག

དེ་ཡང་གནས་ཚུལ་ལྟར་ན། ཟླ་བ་འདིའི་ཚེས་༡༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་ས་ལྡི་ལིའི་ནང་གི Indra Gandhi National Centre for the Arts ཞེས་པའི་ལྟེ་གནས་ཁང་དང་། བོད་ཁང་གཉིས་ཀྱིས་གོ་སྒྲིག་གནང་བའི་ཨེ་ཤ་ཡའི་ནང་ དཔལ་ནཱ་ལེན་དྲའི་སྲོལ་རྒྱུན་ནས་དར་བའི་ནང་ཆོས་སྐོར་གྱི་རྒྱལ་ཡོངས་ཚོགས་འདུ་དབྱེད་གནང་ཡོད་པ་རེད།

སྐབས་དེར་༧གོང་ས་མཆོག་གིས་དེར་ཡོད་གཙུག་ལག་སློབ་གྲའི་སློབ་ཕྲུག་ཚོར་རྒྱ་གར་གྱི་གནའ་བོའི་ནང་པའི་སློབ་ཁྲིད་ཁག་ལ་དོ་སྣང་ཆེ་ཙམ་གནང་དགོས་པ་དང་། ནང་ཆོས་སློབ་སྦྱོང་བྱེད་རྒྱུ་ཁོ་ན་མ་ཡིན་པར་གནའ་བོའི་ནང་པའི་བསྒྲུབ་བྱའི་ཐོག་བལྟ་ཞིབ་ཤུགས་ཆེ་ཙམ་གནང་དགོས་ཀྱི་རེད་ཅེས་དང་། ཡང་༧གོང་ས་མཆོག་གིས་དེང་དུས་ཀྱི་རྒྱ་གར་བ་ནི་ནུབ་ཕྱོགས་པ་ཞིག་ཆགས་ཡོད་པ་རེད་།  ཚན་རིག་དང་།  དེང་དུས་ཀྱི་འཕྲུལ་ཆས་ནི་ཧ་ཅང་གི་གལ་འགངས་ཆེན་པོ་རེད་ཅེས་དང་།  ཡིན་ནའང་ཁྱེད་ཚོས་རང་ཉིད་ཀྱི་གཞི་རྒྱ་ཆེ་བའི་གནའ་བོའི་རིག་གཞུང་དེར་ལྷོད་གཡེང་གཏོང་མི་ཉན་པ་གསུངས་འདུག ད་དུང་དཔལ་ནཱ་ལེན་དྲའི་ལྟ་གྲུབ་དེ་དཔྱད་པ་བྱས་ནས་ཁས་ལེན་བྱེད་དགོས་པ་ཞིག་ལ་དུས་རབས་ཉེར་ཅིག་པ་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་པ་དང་།  ད་ལྟའི་ཆར་དཔལ་ནཱ་ལེན་དྲའི་གཙུག་ལག་སློབ་གཉེར་ཁང་དེ་བཞིན་གྱང་རོ་ལྟ་བུ་མ་གཏོགས་ལྷག་མེད་ཀྱང་ང་ཚོ་བོད་མི་ཚོས་ལོ་བརྒྱ་ཕྲག་བཅུ་ལྷག་ཙམ་རིང་ལྟ་གྲུབ་བློ་འཛིན་དང་། སྦྱོར་བརྡར་བགྲོ་གླེང་བྱེད་རྒྱུ་སོགས་བདག་གཅེས་བརྒྱུད་འཛིན་བྱས་ཡོད་པ་བཀའ་གནང་འདུག

མཛད་སྒོའི་ཐོག་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་Chinmaya Gharekhan མཆོག་གིས་གསུངས་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འགྲོ་བ་མིའི་རིགས་ཀྱི་ལམ་སྣེ་ཁྲིད་གནང་མཁན་ཞིག་ཡིན་པ་མ་ཟད་། ཨེ་ཤ་ཡའི་ནང་དཔལ་ན་ལན་དྲའི་སྲོལ་རྒྱུན་གྱི་ནང་ཆོས་ཉམས་ལེན་གནང་མཁན་གྱི་མཚོན་དོན་ཞིག་ཀྱང་རེད་ཅེས་ཆེ་བསྟོད་ཞུས་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་རྒྱ་གཞུང་གི་བྱ་སྤྱོད་ངོས་ཟིན་པའི་ཐོག་བོད་དོན་རྒྱབ་སྐྱོར་དགོས་བའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎