བྱམས་སྙིང་རྗེ་ཉམས་ལེན་གྱིས་མིའི་ལུས་སེམས་གཉིས་ཀྱི་བདེ་རྩར་ཕན་རླབས།

2020-07-04
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ནས་ར་ཤི་ཡའི་ཚན་རིག་དང་ལྷན་དུ་གླེང་མོལ་སྐབས།
༸གོང་ས་མཆོག་ནས་ར་ཤི་ཡའི་ཚན་རིག་དང་ལྷན་དུ་གླེང་མོལ་སྐབས།
དབུས་བོད་མིའི་སྒྲིག་འཛུགས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་འཁེལ་བ་དང་བསྟུན།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་གི་དཔྱད་ཞིབ་བརྒྱུད་ནས་བྱམས་པ་དང་སྙིང་རྗེ་ཉམས་ལེན་གྱིས་མིའི་ལུས་སེམས་གཉིས་ཀྱི་བདེ་རྩར་ཕན་རླབས་ཅི་ཆེ་ཡོད་པ་ར་སྤྲོད་གནང་བའི་འཛམ་གླིང་ནང་སྔར་མེད་ཀྱི་ཤུགས་རྐྱེན་རླབས་པོ་ཆེ་སྐྲུན་གནང་མཛད་པར་རྗེས་དྲན་ཞུ་སླད།  ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ནང་ལྷན་ཞུགས་ངོ་བཅར་ཞུ་མྱོང་ཡོད་པ་སེར་བྱེས་རྒན་བེ་རི་བསོད་ནམས་དབང་ཕྱུག་ལགས་དང་།  ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་ནས་ཚན་རིག་སློབ་གཉེར་གནང་བའི་འབྲས་སྤུངས་བློ་གླིང་ཚན་རིག་སློབ་དཔོན་རྒན་དགེ་ལེགས་རྒྱ་མཚོ་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།