བཙན་བྱོལ་ནང་བཙུན་མ་ཚོས་ཚན་རིག་སློབ་སྦྱོང་གནང་བཞིན་ཡོད་པ།
2019.07.02
དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་ཁོངས་ནས་བཙན་བྱོལ་ནང་ཡོད་པའི་བཙུན་དགོན་ཁག་ཅིག་གི་བཙུན་མར་ཚན་རིག་གི་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། དམིགས་བསལ་འདི་ལོ་དབྱར་ཁའི་སྐབས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་གྲུབ་དང་ཚན་རིག་ལྟེ་གནས་སུ་བཙུན་མ་ཚོར་ཚན་རིག་ཟབ་སྦྱོང་གནང་བ་དེ་ལོ་གསུམ་པ་ཆགས་ཀྱི་ཡོད་ཅིང་། བཙུན་མ་ཚོས་ཚན་རིག་སློབ་སྦྱོང་ཐད་དོ་སྣང་ཆེ་རུ་འགྲོ་བཞིན་པ་དང་གྲུབ་འབྲས་ཀྱང་ལེགས་པོ་ཡོང་བཞིན་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།