༧སྐུའི་ཡང་སྲིད་ངོས་འཛིན་གྱི་༧སྐུ་དབང་༧གོང་ས་མཆོག་ལ་ཡོད་པ་ནན་བརྗོད་གནང་པ།

ཁེ་ན་ཌ་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེ་ལོ་ནི་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་འདི་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། བོད་ཀྱི་ནང་ཆོས་སུ་སྲོག་ཆགས་ཚང་མར་བརྩི་བཀུར་དང་། འགྲོ་བ་མི་ཚང་མ་བདེ་སྐྱིད་ངང་མཉམ་གནས་བྱེད་པའི་ལམ་སྟོན་གནང་གི་ཡོད།”ཅེས་གསུངས་འདུག

ཁེ་ན་ཌ་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེ་ལོ་ནི་ (James Melony) ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་འདེམས་རྒྱུའི་འགན་དབང་དེ་དགའ་ལྡན་ཕོ་བྲང་གཅིག་པུར་ཡོད་པ་དང་། རྒྱ་ནག་གཞུང་གིས་བྱ་རིམ་འདིར་ཐེ་བྱུས་བྱེད་པ་ཡིན་ན་དེར་ “ཁས་ལེན་གནང་རྒྱུ་མིན་” ཞེས་ནན་བརྗོད་གནང་འདུག

ཁེ་ན་ཌ་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེ་ལོ་ནི་ལགས། ༢༠༢༦།༡༡།༢༥
ཁེ་ན་ཌ་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེ་ལོ་ནི་ལགས། ༢༠༢༦།༡༡།༢༥ ཁེ་ན་ཌ་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེ་ལོ་ནི་ལགས། ༢༠༢༦།༡༡།༢༥ (House of Commons of Canada)

༧སྐུའི་ཡང་སྲིད་ཀྱི་གནད་དོན་གླེང་སློང་།

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༥ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Chair of the Parliamentary Friends of Tibet) ཚོགས་གཙོ་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེ་ལོ་ནི་ (James Melony) ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ལོ་ ༢༠༢༦ ལོར་སྲིད་སྐྱོང་ལ་བསྐྱར་དུ་འོས་འདེམས་བྱུང་རྗེས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཕེབས་པ་དང་བསྟུན་ནས་གྲོས་ཚོགས་ནང་གསུང་བཤད་གནང་སྐབས་༧སྐུའི་ཡང་སྲིད་དང་བོད་མིའི་ཆོས་དང་རིག་གཞུང་གི་ཁྱད་ཆོས་སྐོར་གླེང་སློང་གནང་ཡོད་པ་རེད།

དེ་ཡང་མེ་ལོ་ནི་ལགས་ཀྱིས་གྲོས་ཚོགས་ནང་གསུངས་དོན་དུ། “ང་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེའི་རང་བཞིན་དུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་འདི་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། བོད་ཀྱི་ནང་ཆོས་སུ་སྲོག་ཆགས་ཚང་མར་བརྩི་བཀུར་དང་། འགྲོ་བ་མི་ཚང་མ་བདེ་སྐྱིད་ངང་མཉམ་གནས་བྱེད་པའི་ལམ་སྟོན་གནང་གི་ཡོད།”ཅེས་གསུངས་འདུག

ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། ད་རེས་སྲིད་སྐྱོང་མཆོག་གི་ཁེ་ན་ཌ་རྒྱལ་ས་ཨོ་ཊ་ཝར་ཉིན་བཞིའི་ཕྱོགས་ཕེབས་འདི་ལེགས་གྲུབ་བྱུང་ཞིང་། གསར་འགོད་ལྷན་ཚོགས་ཐོག་ལ་བོད་རང་བཙན་གྱི་ལོ་རྒྱུས་སྒྲུབ་བྱེད་ཀྱི་ཕྱག་དེབ་འདི་འདོན་སྤེལ་ངོ་སྤྲོད་གནང་པ་སོགས་བྱུང་ཡོད་ཅེས་ངོ་སྤྲོད་གནང་བྱུང་ལ། སྲིད་སྐྱོང་མཆོག་གིས་ཕྱོགས་ཕེབས་འདིའི་སྐབས་ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག

ཁེ་ན་ཌ་དང་བོད་མིའི་འབྲེལ་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་འདི་ལོར་སླར་ཡང་སྲིད་སྐྱོང་དུ་འོས་འདེམས་བྱུང་རྗེས་ཨོ་ཊ་ཝར་ཕེབས་བསྟུན་གྲོས་ཚོགས་ཀྱི་འཐུས་མི་ཇེམསི་མེ་ལོ་ནི་ལགས་ཀྱིས་དགའ་བསུ་ཞུས་པ་དང་སྦྲགས། ཁོང་གིས་གྲོས་ཚོགས་ནང་གཏམ་བཤད་གནང་སྐབས་ད་དུང་། “སྲིད་སྐྱོད་སྤེན་པ་ཚེ་རིང་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མིའི་མགྲིན་ཚབ་པ་དང་བཙན་བྱོལ་བོད་མིའི་དབུ་ཁྲིད་རེད། ཕྱི་ལོ་ ༡༩༧༠ ནང་འདི་ཁུལ་བོད་མི་སྐྱབས་བཅོལ་བ་ཐོག་མ་འབྱོར་བ་ནས་བཟུང་ཁེ་ན་ཌའི་ནང་དུ་བོད་མི་ཚོས་ང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕན་རླབས་དང་། བོད་མིའི་རིག་གཞུང་དང་། ཆོས་དད། གོམ་སྲོལ་བཅས་ཀྱིས་ང་ཚོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆར་ཕན་ཐོགས་བྱུང་ཡོད། ཕྱི་ལོ་ ༢༠༠༧ ལོར་གསར་འཛུགས་བྱས་པའི་ངའི་རྫོང་ཁོངས་ཏེ་ཨེ་ཊོ་བྷི་ཀོཀ་མཚོ་འགྲམ་ Etobicoke Lakeshore དུ་བོད་མིའི་ཁེ་ན་ཌའི་རིག་གཞུང་བསྟི་གནས་ཁང་དེ་གསར་འཛུགས་བྱས་པ་དང་འདི་ནི་བྱང་ཨ་རིའི་ནང་བོད་པའི་བསྟི་གནས་ཁང་ཆེ་ཤོས་དེ་ཆགས་ཡོད་པ་ནི་གཟི་བརྗིད་ཅིག་རེད།”ཅེས་བོད་མིའི་སྤྱི་ཚོགས་ལ་ངོས་འཛིན་ཞུས་འདུག

གྲོས་ཚོགས་འཐུས་མི་ཕེརེས་ཌེ་ཝིས་ལགས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་། ༢༠༢༦།༡༡།༢༦
གྲོས་ཚོགས་འཐུས་མི་ཕེརེས་ཌེ་ཝིས་ལགས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་། ༢༠༢༦།༡༡།༢༦ གྲོས་ཚོགས་འཐུས་མི་ཕེརེས་ཌེ་ཝིས་ལགས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་། ༢༠༢༦།༡༡།༢༦ (Fres Davies via Facebook)

གྲོས་ཚོགས་འཐུས་མི་ཕེརེས་ཌེ་ཝིས་དང་མཇལ་མོལ།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༢༦ བར་གྱི་ཉིན་ཤས་རིང་གི་རྒྱལ་ས་ཨོ་ཊ་ཝར་འཚམས་གཟིགས་འདིའི་ཁྲོད་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཕེརེས་ཌེ་ཝིས་ (Fres Davies) ལགས་དང་མཇལ་འཕྲད་གནང་འདུག་ལ་། ཌེ་ཝིས་ལགས་ཀྱིས་ཚོགས་འདུའི་པར་ཞིག་ཁོང་གིས་སྤྱི་ཚོགས་དྲ་རྒྱའི་ཐོག་སྤེལ་ཏེ། “སྲིད་སྐྱོང་་སྤེན་པ་ཚེ་རིང་མཆོག་ཨོ་ཊ་ཝར་ངའི་ལས་ཁུངས་ནང་ཆེད་ཕེབས་ཀྱིས་བོད་ཀྱི་མི་རིགས་དང་རིག་གཞུང་། ངོ་བོ་བཅས་ཐུན་མོང་གི་རྩ་དོན་ཐོག་གྲོས་བསྡུར་དང་ཕེབས་བསུ་ཞུ་རྒྱུ་བྱུང་བ་འདི་གཟི་བརྗིད་ཞིག་ཡིན། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་དང་ལྷན་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བྱུང་པ་དང་ལྷག་པར་ངས་དམངས་གཙོ་དང་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་ལས་འགུལ་འདི་དོན་སྙིང་དང་ཤུགས་རྐྱེན་ལྡན་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ། འདི་ནི་ངའི་ཚེ་གང་ལ་ཆེ་མཐོང་བྱ་རྒྱུ་ཞིག་ཏན་ཏན་ཆགས་ཀྱི་ཡོད་” ཅེས་གསུངས་འདུག

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཟླ་བ་འདིའི་ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༢༠ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང༌། ཡོ་རོབ་གྱི་ནེ་དར་ལེནྜ། ཨ་རི། ཁེ་ན་ཌ། རྒྱ་གར་གྱི་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པའི་མཛད་རིམ་ཁྲོད་འདས་པའི་བདུན་ཕྲག་འདིའི་རིང་ཨ་རིའི་ས་ཁུལ་ཁག་ཅིག་དང་ཁེ་ན་ཌར་ཕྱོགས་ཕེབས་གནང་སྟེ་གཞུང་དང་གྲོས་ཚོགས་ཀྱི་གནས་ཡོད་འཐུས་མི་ཁག་ལ་མཇལ་ཕྲད་གནང་ཡོད་ལ། ད་རེས་སྲིད་སྐྱོང་མཆོག་ཁུལ་དེར་ཕྱོགས་ཕེབས་གནང་པ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་སྲིད་སྐྱོང་གི་ལས་ཡུན་སྐབས་གཉིས་པའི་ལས་འཁུར་བཞེངས་རྗེས་ཁེ་ན་ཌ་རྒྱལ་སར་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

མཛད་རིམ་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༢༧ ནས་ ཚེས་ ༢༩ བར་ཁེ་ན་ཌའི་ཊོ་རོན་ཊོ་གྲོང་ཁྱེར་དུ་ཕྱོགས་ཕེབས་གནང་རྒྱུ་ཡིན་ཞིང་། ས་གནས་བོད་རིགས་མི་མང་རྣམས་ལ་བོད་འདི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ཞེས་པའི་ཕྱག་དེབ་ངོ་སྤྲོད་ཀྱི་གསུང་བཤད་གནང་རྒྱུའི་མཚོན་གསོལ་སྟོན་འདེགས་འབུལ་སོགས་ཀྱི་མཛད་རིམ་ཁག་གོ་སྒྲིག་གནང་གི་འདུག

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

འབྲེལ་ཡོད་གནས་ཚུལ།

སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གི་འགོ་ཁྲིད་དང་མཇལ་ཕྲད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་རྩ་དོན་དང་བཙན་བྱོལ་གྱི་གནས་སྟངས་གསུངས་པ།

རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་བོད་མིའི་འགོ་ཁྲིད་ཚོས་གདོང་ལེན།

ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་ཀྱི་གནད་དོན།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།

ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་པ་ཞིག་རྡ་སར་ཕེབས་པ།