བོད་ནང་དུ་དམར་ཤོག་གཞུང་གིས་དབང་བསྒྱུར་བྱས་རྗེས་ད་ལྟ་བོད་མིའི་གནས་བབ་སྐོར་གླེང་མོལ།


2019-10-02
Share
བོད་ནང་དུ་དམར་ཤོག་གཞུང་གིས་དབང་བསྒྱུར་བྱས་རྗེས་ད་ལྟ་བོད་མིའི་གནས་བབ་སྐོར་གླེང་མོལ། རྒྱ་ནག་གི་རྒྱལ་ལ་པེ་ཅིང་དུ་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༧༠་འཁོར་བའི་མཛད་སྒོ།
ཨེ་ཨེཕ་པི།

༄༅།།རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༧༠་འཁོར་བའི་མཛད་སྒོ་གྲ་རྒྱས་པོ་ཞིག་རྒྱ་ནག་པན་ཅིང་དང་བོད་ཀྱི་རྒྱལ་ས་ལྷ་ས་རུ་འཚོགས་ཡོད་པ་རེད། པེ་ཅིང་དུ་འཚོགས་པའི་གཞུང་འབྲེལ་མཛད་སྒོའི་ཐོག  རྒྱ་ནག་གི་དམག་གི་སྟོབས་ཤུགས་ངོམས་ནས། རྒྱ་ནག་ལ་སུ་གང་གིས་ཀྱང་གཡོ་འགུལ་ཐེབས་མི་ཐུབ་པ་དང་། རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་མི་དམངས་མདུན་བསྐྱོད་ཀྱི་ཐོག་བཀག་འགོག་ནམ་ཡང་ཐུབ་ཀྱི་མ་རེད་ཅེས་སྲིད་འཛིན་ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་ཡོད། དེ་རིང་ཁ་བའི་གྲོས་རཱ་ལེ་ཚན་ནང་། རྒྱ་ནག་དམངས་ཤོག་གཞུང་གིས་ལོ་ངོ་༧༠རིང་དབང་བསྒྱུར་བྱེད་པའི་ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་དང་། དཔལ་འབྱོར་དེ་བཞིན་ཆབ་སྲིད་བཅས་ཀྱི་ཐོག་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད་པ། དེ་བཞིན་བོད་ནང་དུ་དམར་ཤོག་གཞུང་གིས་དབང་བསྒྱུར་གྱིས་ད་ལྟ་བོད་མིའི་གནས་བབ་སོགས་ཀྱི་སྐོར། རྒྱ་ནག་ཐོག་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།