རྒྱ་གར་གྱི་མངའ་སྡེ་ཨ་རུ་ཎ་ཅཱལ་ནང་གི་ས་ཚིགས་ ༦༢ ལ་རྒྱ་ནག་གཞུང་གིས་མིང་བཏགས་པ།

2024.04.13
རྒྱ་གར་གྱི་མངའ་སྡེ་ཨ་རུ་ཎ་ཅཱལ་ནང་གི་ས་ཚིགས་ ༦༢ ལ་རྒྱ་ནག་གཞུང་གིས་མིང་བཏགས་པ།
Foundation for Non-Violent & Alternatives (FNVA)

ཕྲེང་རྡོའི་སྐུད་པ་ཞེས་རྩོམ་བྱང་དུ་བཀོད་པ་སྟེ་ཕྱི་ལོ་ ༢༠༡༧ ནས་བཟུང་རྒྱ་གར་གྱི་མངའ་སྡེ་ཨ་རུ་ཎ་ཅཱལ་ནང་གི་ས་ཚིགས་ ༦༢ ལ་རྒྱ་ནག་གཞུང་གིས་མིང་བཏགས་པའི་གནས་ཚུལ་བྱུང་པའི་ཐད་དཔྱད་གཞིའི་ཉམས་ཞིབ་གནང་ཡོད་ཅིང་། དེ་བརྒྱུད་རྒྱ་ནག་གཞུང་གིས་སྦཡེ་དྷུ་ཞེས་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ས་ཁུལ་འདི་དག་ལ་རྒྱ་ནག་གི་བདག་དབང་ཡོད་ཚུལ་བསྒྲགས་ཡོད་པ་ནི་མ་འོངས་མི་རབས་རྗེས་མ་ཚོར་ས་ཁུལ་འདི་རྒྱ་ནག་ལ་བདག་དབང་ཡོད་པ་བཟོ་སྐྲུན་བྱེད་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅིང་།  ལྷག་པར་རྒྱ་གར་གྱི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ཁྲི་ ༩ ཙམ་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་ས་ཁྲ་སོགས་ནང་བཀོད་ཡོད་པ་ཤེས་རྟོགས་བྱུང་འདུག་པས།  ཨ་རུ་་ཅཱལ་མངའ་སྡེ་གཅིག་པུར་མཚོན་ན་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༨༣༧༠༠ ལྷག་ཙམ་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་གར་དུ་རྟེན་གཞི་བྱས་པའི་ (Foundation for Non-Violent Alternatives) ཞེས་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་འདུལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎