རྒྱ་ནག་གཞུང་གིས་གངས་རིན་པོ་ཆེར་གནས་མཇལ་དུ་ཡོང་མཁན་ཚོར་སྔར་ལྷག་པའི་དམ་དྲག་བྱེད་བཞིན་པ།

2023.05.12
རྒྱ་ནག་གཞུང་གིས་གངས་རིན་པོ་ཆེར་གནས་མཇལ་དུ་ཡོང་མཁན་ཚོར་སྔར་ལྷག་པའི་དམ་དྲག་བྱེད་བཞིན་པ། གངས་རིན་པོ་ཆེ།
ཝི་ཀི་པི་ཌི་ཡ།

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེར་གནས་མཇལ་དུ་ཡོང་མཁན་ཚོར་སྔར་ལྷག་དམ་དྲག་བྱེད་བཞིན་པ་དང་འབྲེལ། འབྲེལ་ཡོད་མཁས་པས་འཛམ་གླིང་ཐོག་གི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་རྩ་ཆེན་སོགས་ལ་རྒྱལ་མཚམས་མེད་པར་གནས་མཇལ་བྱེད་བཅུག་དགོས་པ་མ་གཏོགས། གནས་ཡུལ་རྒྱལ་ཁབ་ཀྱིས་སྒེར་བདག་བྱས་ཚེ་དེ་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་རྒྱབ་འགལ་བྱས་པ་ཞིག་ཡིན་པའི་དཔྱད་བརྗོད་གནང་ཡོད་པའི་ཐད་བསོད་ནམས་ལྷ་མོས་གནས་ཚུལ་བཅར་འདྲི་དང་ཕྱོགས་བསྡུས་ཞུས་པར་གསན་རོགས།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎