0:00 / 0:00
༄༅༎ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་རེས་གཟའ་པ་སངས་ཀྱི་ཉིན།བཞུགས་སྒར་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས།རྒྱ་གར་གྱི་མ་ཧྰ་རཤ་ཊ་མངའ་སྡེའི་པུ་ན་གྲོང་ཁྱེར་ནང་གི་འཕྲུལ་རིག་སློབ་ཕྲུག་ཁག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད།སློབ་ཕྲུག་དེ་དག་དང་ལྷན་དུ་སྤྱི་ཚོགས་ནང་འགན་འཁུར་ལེན་ཕྱོགས་དང་འཛིན་སྐྱོང་གི་ལས་དོན་བྱ་ཕྱོགས་ཐད་བཀའ་བསྡུར་གནང་ཡོད་པའི་སྐོར།གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎
