ཨང་སན་སུ་ཅིའི་ཚོགས་པར་རྒྱལ་ཁ་ཐོབ་པ།

འབར་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པའི་ངོས་འཛིན་བྱས་ཡོད་པ།

2012.04.01
འབར་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པའི་ངོས་འཛིན་བྱས་ཡོད་པ།
ཨེ་ཨེཕ་པི།

༄༅༎ཕྱི་ཟླ་༤ཚེས་༡རེས་གཟའ་ཉི་མའི་ཉིན་འབར་མའི་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་བྱས་པའི་རྗེས། འབར་མའི་དམངས་གཙོ་ཚོགས་པས། ཁོང་ཚོ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Aung Sun Suu Kyi ལ་རྒྱལ་ཁ་ཐོབ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
འབར་མའི་རྒྱལ་ཁབ་དེ་ནི་མི་ལོ་བཅུ་ཕྲག་མང་པོའི་རིང་དྲག་པོས་དབང་བསྒྱུར་བྱས་ཏེ། དམངས་གཙོ་དོན་གཉེར་ཅན་ཐོག་རྡུང་རྡེག་དང་བཙོན་འཇུག་བྱས་པ་མ་ཟད། འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་Aung Sun Suu Kyi ཡང་ལོ་མང་རིང་ཁྱིམ་ཚང་ནས་འགྲོ་བསྐྱོད་ཀྱི་རང་དབང་མེད་པར་བཟང་བཙོན་ལྟ་བུ་དོ་དམ་བཀག་ཉར་བྱས་ཡོད་ཅིང༌། འོན་ཀྱང་བར་ལམ་མི་དམངས་ཀྱི་གཞུང་ཟེར་སླེབས་པའི་རྗེས། ལྕམ་Aung Sun Suu Kyi གཙོས་པའི་ཆབ་སྲིད་བཙོན་པ་མང་པོ་གློད་བགྲོལ་བཏང་བ་སོགས་དམངས་གཙོའི་བཅོས་བསྒྱུར་གྱི་ཁ་ཕྱོགས་སུ་བསྐྱོད་པ་མ་ཟད། ད་རེས་གྲོས་ཚོགས་ཀྱི་འོས་བསྡུ་དེའི་ནང་དམངས་གཙོའི་དབུ་ཁྲིད་ལྕམ་Aung Sun Suu Kyi ཞུགས་སུ་བཅུག་པ་སོགས་གྲོས་ཚོགས་འོས་བསྡུ་དེ་ནི་འབར་མའི་རྒྱལ་ཁབ་དམངས་གཙོའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། ལྷག་དོན་ད་རེས་འོས་བསྡུའི་དེའི་ནང་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Aung Sun Suu Kyi ལ་རྒྱལ་ཁ་ཐོབ་པ་དངོས་སུ་ངེས་གཏན་བྱུང་བ་ཡིན་ཚེ། ལྷོ་ཤར་ཡེ་ཤི་ཡའི་རྒྱལ་ཁབ་འབར་མའི་ནང་གི་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་འགྱུར་བགྲོས་དང་ལོ་རྒྱུས་གལ་འགངས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་རྐྱེན་པས་གློག་འདོན་ཆུ་མཛོད་ཆེན་པོ་ལྔ་ལ་གས་སྲུབས་ཤོར་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

Anonymous
Apr 01, 2012 03:56 PM

སྐབས་རེ་མཆན་བུ་འདོག་འདོད་འདུག

Anonymous
Apr 01, 2012 04:47 PM

འབར་མ་དམངས་གཙོའི་དབུ་ཁྲིད་གཅམ་Aung Sun Suu Kyi ལ་རྒྱལ་ཁ་ཐོབ་པ་དེ་དགའ་འོས་པའི་གཏམ་བཟང་བཀྲ་ཤིས་བདེ་ལེགས་ཞུ

Anonymous
Apr 01, 2012 04:38 PM

ཁོ་མོར་རྒྱལ་ཁ་ཐོབ་པ་རེད་དམ་