0:00 / 0:00
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཅུ་པའི་ཚེས་སུམ་བཅུ་རེས་གཟའ་སྤེན་པའི་ཉིན། བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་ཞིག་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་ཚོགས་གནང་ཡོད་པ་དང༌། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ལྷག་པར་དུ་ལོ་མང་རིང་བོད་ཕྲུག་ཁྱིམ་སྡེ་དེར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཕྱི་རྒྱལ་བ་འབོར་ཆེན་ཞིག་མཛད་སྒོར་དུ་ལྷན་ཞུགས་གནང་་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཞུགས་སྒར་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎
