0:00 / 0:00
༄༅༎ཕྱི་ཟླ་གཉིས་པའི་ཚེས་ཉེར་གསུམ་རེས་གཟའ་མིག་དམར་ཏེ་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུའི་དགོང་དྲོ་ནིའུ་ཡོར྄ཀ་ས་གནས་བོད་མི་རྣམས་ནས་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་བོད་མིའི་སྲོལ་རྒྱུན་གྱི་དགུ་ཐུག་འཐུང་རྒྱུ་དང་གླུད་རྫོང་བྱེད་ཀྱི་བྱེད་སྒོ་ཁག་ཅིག་སྤེལ་ཡོད་པ་དང་རྒྱ་ནག་གི་འདས་དང་ད་ལྟའི་དཔོན་རིགས་ཁག་ཅིག་གླུད་དུ་བརྫངས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནུའུ་ཡོར྄ཀ་གསར་འགོད་པ་ངག་ཆོས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎
